སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

སྒྲ་མཛོད།

སྒྲ་མཛོད། (769)

དྲ་ཐོག་འཇུག་དུས། 2017 ལོའི་ཟླ་བ། Aug ཚེས། 21 རེས་གཟའ། Mon

ཁྲིད་གཞུང་། ས་ལུ་ལྗང་པའི་མདོ།

དྲ་འཇུག་པ།

སྒྲ་ཨང་།KADZZ2070260
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༣༨༣
རྣམ་པ། MP3 རྣམ་གྲངས། 7 ཆེ་ཆུང་། 151.6 MB
ཁྲིད་གཞུང་། ས་ལུ་ལྗང་པའི་མདོ།
མཛད་པ་པོ། སྟོན་པ་ཤཱཀྱ་ཐུབ་པ།
འཁྲིད་མཁན། ཟིལ་དཀར་རིན་པོ་ཆེ།
འཁྲིད་གནས། བོད་ཟིལ་དཀར་དགོན་པ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་ ༠༥།༠༤ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་སུམ་ཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཟིལ་དཀར་རིན་པོ་ཆེ་ནི། ཕྱི་ལོ་༡༩༧༡ལོར་འཕགས་ཡུལ་དུ་འཁྲུངས། དགུང་གྲངས་བདུན་གྱི་སྐབས་སེ་ར་ཆོས་སྒར་དུ་ཕེབས། དེར་ཟིལ་དཀར་ཆོས་སྡེའི་མཁན་རབས་དང་པོའི་ཡང་སྲིད་དུ་ཐུགས་ཐག་བཅད། དགུང་ལོ་བརྒྱད་པར་རབ་ཏུ་བྱུང་། སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་སློབ་གཉེར་མཛད། དགུང་ལོ་ཉེར་གཅིག་གི་སྐབས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། སློབ་གཉེར་གྱི་སྐབས་ནས་སློབ་བུ་གང་མང་ལ་དཔེ་ཁྲིད་གནང་། ༡༩༩༧ ལོར་ལྷ་རམས་པའི་དམ་འཇོག་དང་། དེ་ནས་ཕྱི་རྒྱལ་ཡུལ་གྲུ་རྣམས་སུ་ནང་ཆོས་འཆད་ཁྲིད་དང་། དེང་སྐབས་བོད་དུ་དོན་གཉེར་ཅན་རྣམས་ལ་གཞུང་ཆེན་སོགས་འཆད་ཁྲིད་གནང་བཞིན་བཞུགས་པ་ལགས་སོ། །

ངོ་ཤོག 67 ནས་ 129