ཕྱི་ལོ་༢༠༢༤ཟླ་༨ཚེས་༡༤དང་༡༥བཅས་ཉིན་གྲངས་གཉིས་ཀྱི་རིང་། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་བྱེས་མཁས་སྙན་གྲྭ་ཚང་དུ། ྋའཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་ྋརྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་གཙོས་མཛད། བསྟེན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་འདུལ་བ་འཛིན་པ་མཁན་སློབ་གྲངས་ཚང་བའི་དབུས་སུ། སེ་ར་བྱེས་སྨད་གཉིས་ནས་དགེ་ཚུལ་གསར་དུ་བསྒྲུབ་མཁན་གྲངས་༡༧༥ ལ་དམ་པའི་ཆོས་འདུལ་བ་ལས་བྱུང་བ་བཞིན་བསླབ་ཚིགས་སྔ་མའི་སྡོམ་པ་འབོགས་ཆོག་གནང་།