ཕྱི་ལོ་༢༠༢༤ཟླ་བ་༨ཚེས་༢༨ནས་ཉིན་གྲངས་གསུམ་གྱི་རིང་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ནས་གྲོས་ཆོད་བཞག་པ་ལྟར། སེར་བྱེས་མཁས་སྙན་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་རྣམ་པས། གྲྭ་ཚང་གི་སློབ་གཉེར་བའི་འཛིན་གྲྭ་ཆ་བགོས་ཀྱིས་དགེ་སློང་དང་དགེ་ཚུལ་རྣམས་ལ་བསླབ་བྱ་གནང་རྒྱུའི་མཛད་རིམ་ཞིག་གོ་སྒྲིག་ཞུས། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ཐུབ་དབང་ཞལ་ལུང་གི་སྒོ་ནས་དགེ་སློང་རྣམས་ལ་བསླབ་བྱ་གནང་བ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བསླབ་བྱ་གནམ་རྩེང་ལྡེང་མའི་ཐོག་ནས་དགེ་ཚུལ་རྣམས་ལ་བསླབ་བྱ་གནང་ཡོད།