སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2022 ལོའི་ཟླ་བ། Jan ཚེས། 13 རེས་གཟའ། Thu

༢༠༢༢ ལོའི་དགུན་ཆོས་ཆེན་མོའི་མཛད་རིམ།

སེར་བྱེས་མཁས་སྙན་གྲྭ་ཚང་གི་དགུན་ཆོས་ཆེན་མོའི་མཛད་རིམ་གཤམ་གསལ།
བོད་ཟླ།བོད་ཚེས།ཕྱི་ཟླ།ཕྱི་ཚེས།ཆོས་རའི་མཛད་རིམ།
༡༡ ༢༤ 01 26 དགུན་ཆོས་ཆེན་མོ་ཡར་ཚོགས།
༡༡ ༢༥ 01 27 བཟང་སྤྱོད་ཆེན་མོ་ཡར་ཚོགས།
༡༡ ༢༦ 02 28 བཟང་སྤྱོད་དངོས་གཞི།
༡༡ ༢༧ 02 29 བཟང་སྤྱོད་དངོས་གཞི།
༡༡ ༢༨ 02 30 བཟང་སྤྱོད་དངོས་གཞི།
༡༡ ༢༩ 02 31 གསོ་སྦྱོང་། བཟང་སྤྱོད་དངོས་གཞི།
༡༡ ༣༠ 02 01 བཟང་སྤྱོད་དངོས་གཞི།
༡༢ ༠༡ 02 02 བཟང་སྤྱོད་དངོས་གཞི།
༡༢ ༠༣ 02 03 གུང་སེང་།
༡༢ ༠༤ 02 04 གུང་སེང་།
༡༢ ༠༥ 02 05 སྔ་དགོང་ཆོས་ར། 
༡༢ ༠༦ 02 06 སྔ་དགོང་ཆོས་ར། 
༡༢ ༠༧ 02 07 སྔ་དགོང་ཆོས་ར། 
༡༢ ༠༨ 02 08 གུང་སེང་།
༡༢ ༠༨ 02 09 སྔ་དགོང་ཆོས་ར། 
༡༢ ༠༩ 02 10 སྔ་དགོང་ཆོས་ར། 
༡༢ ༡༠ 02 11 སྔ་དགོང་ཆོས་ར། 
༡༢ ༡༡ 02 12 སྔ་དགོང་ཆོས་ར། 
༡༢ ༡༢ 02 13 སྔ་དགོང་ཆོས་ར། 
༡༢ ༡༣ 02 14 ཞོགས་ཆོས་སྒྲོལ་འདོན། དགོང་མོར་ཆོས་ར།
༡༢ ༡༤ 02 15 གུང་སེང་།
༡༢ ༡༥ 02 16 གསོ་སྦྱོང་། ཞོགས་ཆོས་སྒྲོལ་འདོན། དགོང་མོར་ཆོས་ར།
༡༢ ༡༦ 02 17 དགུན་ཆོས་ཆེན་མོ་མར་གྲོལ།
༢༠༢༢-༡-༡༣ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། སྒྲིག་བཟོ་བ། དགེ་བཤེས་སྐལ་བཟང་ཐར་འདོད།
ངོ་ཤོག 182 ནས་ 682