སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2022 ལོའི་ཟླ་བ། Jun ཚེས། 05 རེས་གཟའ། Sun

ཁྲིད་གཞུང་། རྣམ་འགྲེལ་ཐར་ལམ་གསལ་བྱེད། [པ]

མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན། [༡༣༦༤-༡༤༣༢]
བརྗོད་བྱ། ཚད་མ་རིག་པ།
འཁྲིད་མཁན། དཀའ་ཆེན་བློ་བཟང་ཕུན་ཚོགས།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0712
སྒྲའི་རྣམ་པ། MP3
གྲངས་ཀ 186
ལྗིད་ཚད། 5.6GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༡ ཟླ་ ༡༢ ཚེས་ ༥ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
དཀའ་ཆེན་བློ་བཟང་ཕུན་ཚོགས་མཆོག་ནི། ཕྱི་ལོ་ ༡༩༣༥ ལོར་གཙང་རྒྱལ་རྩེར་སྐུ་འཁྲུངས། དགུང་ལོ་བརྒྱད་ཙམ་ལ་བཀྲ་ཤིས་ལྷུན་པོར་ཆོས་ཞུགས་མཛད། གཞུང་ཆེན་པོད་ལྔར་སློབ་གཉེར་མཐར་ཕྱིན་གནང་། ༡༩༨༣ ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བཀའ་ལྟར་ལྷ་སར་གནས་ཆུང་ནང་བསྟན་སློབ་གླིང་དུ་གཞུང་ཆེན་དཔེ་ཁྲིད་དགེ་རྒན་གནང་བར་ཕེབས། ༡༩༨༥ ལོར་བཀྲས་ལྷུན་དགོན་པར་དཀའ་ཆེན་མཚན་རྟགས་བཞེས། ༡༩༨༨ ལོར་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་མཚན་བཞེས་ཨང་དང་པོའི་གཉིས་པ་ཐོབ། ༡༩༩༣ ལོར་བཀྲས་ལྷུན་ཕེབས་ཏེ་རྒྱུན་བཞུགས་ཀྱིས་དཔེ་ཁྲིད་རྒྱུན་ཆད་མེད་པ་གནང་ཞིང་ལོ་མང་རིང་ཆོས་གྲྭ་ཆོས་ཁྲིམས་པའི་ཐུགས་འགན་བཞེས། དེ་རྗེས་བཀྲས་ལྷུན་དགོན་པའི་མཁན་པོ་ལོ་བཅུ་ལྷག་གནང་། [འཆད་ཁྲིད་འདི་ནི་དགུང་ལོ་བརྒྱད་ཅུའི་ཉེ་མཚམས་སུ་མདོ་སྨད་རྔ་ཡུལ་དུ་བཤད་ལུང་སྦྲགས་མ་གནང་སྐབས་ཕབ་བཤུས་བྱས་པའི་བཀའ་སློབ་ཤིག་ཡིན།] དེ་ལྟར་སྐུ་ཚེ་གང་པོར་དཔེ་ཁྲིད་རྒྱུན་ཆད་མེད་པར་གནང་བས་བསྟན་པ་ཡང་དར་ལྟ་བུའི་མཛད་རྗེས་བླ་མེད་བསྐྱངས་མཐར་ ༢༠༡༧ ལོར་དགུང་གྲངས་ ༨༣ ཐོག་གདན་ས་བཀྲ་ཤིས་ལྷུན་པོར་དགོངས་པ་གཞན་དོན་དུ་གཤེགས་སོ། །
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།

ཁྲིད་མཚམས་ཀྱི་ངོ་སྤྲོད། 1. Track-001 ནས་ Track-076 རྣམ་འགྲེལ་ལེའུ་དང་པོ།  2.  Track-077 ནས་ Track-109 རྣམ་འགྲེལ་ལེའུ་གཉིས་པ།  3. Track-110 ནས་ Track-165 རྣམ་འགྲེལ་ལེའུ་གསུམ་པ།  4. Track-166 ནས་ Track-185 རྣམ་འགྲེལ་ལེའུ་བཞི་པ།  5. Track-186 བཀའ་སློབ།
ངོ་ཤོག 206 ནས་ 682