སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2023 ལོའི་ཟླ་བ། Jul ཚེས། 01 རེས་གཟའ། Sat

ཁྲིད་གཞུང་། དྲང་ངེས་སེམས་ཙམ་པ། [ཅ]

མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧ - ༡༤༡༩
བརྗོད་བྱ།
དྲང་བ་དང་ངེས་པའི་དོན།
འཁྲིད་མཁན།
དགེ་བཤེས་ཡེ་ཤེས་ཕུན་ཚོགས།
རིག་མཛོད་སྒྲ་སྤྱིའི་ཨང་།
SJRA-0747
སྒྲའི་རྣམ་པ།
MP3 གྲངས་ཀ 55 ལྗིད་ཚད། 1.48GB
སྒྲ་སྒྲིག་བཟོ་བ།
ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར།
སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༣ ཟླ་ ༧ ཚེས་ ༡ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཡེ་ཤེས་ཕུན་ཚོགས་ནི། ཕྱི་ལོ་༡༩༧༤ལོར་ཁམས་ཏྲེ་ཧོར་དར་རྒྱས་དགོན་གྱི་ཉེར་འདབ་དེའུ་འགོ་ཞེས་པའི་གྲོང་དུ་ཕ་ནོར་བུ་དོན་འགྲུབ་དང་མ་བདེ་སྐྱིད་སྒྲོལ་མ་གཉིས་ལས་སྐུ་འཁྲུངས། གཞི་རིམ་སློབ་གྲྭར་ཕེབས་ནས་སློབ་སྦྱོང་ཅུང་ཟད་གནང་། ༡༩༩༡ལོར་འཕགས་ཡུལ་དུ་འབྱོར་ནས་སེར་བྱེས་མཁས་སྙན་གྲྭང་ཚང་གི་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་སློབ་གཉེར་གནང་། རྒྱུད་སྨད་མཁན་ཟུར་རྗེ་བཙུན་ཨོ་རྒྱན་ཚེ་བརྟན་དཔལ་བཟང་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་ཞུས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དགེ་ལུགས་རྒྱུགས་སྤྲོད་ཕེབས་ཏེ་ལྷ་རམས་ལོ་རིམ་དང་པོའི་རྒྱུགས་སྤྲོད་ཨང་དང་པོའི་དང་པོ་དང་། ལྷ་རམས་ལོ་རིམ་གཉིས་པའི་རྒྱུགས་སྤྲོད་ཨང་དང་པོའི་གཉིས་པ་ཡང་ཐོབ། ༢༠༡༢ལོར་རིགས་ཆེན་ཚོགས་ལངས་མཛད་ཅིང་ལོ་དེར་གྲྭ་ཚང་དུ་ལྷ་རམས་དགེ་བཤེས་དམ་འཇོག་གནང་ཞིང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་ལོ་གཅིག་གི་རིང་གསང་སྔགས་ཀྱི་གསན་བསམ་མཛད། ༢༠༡༦ལོར་གྲྭ་ཚང་གི་སློབ་གཉེར་རྒན་དུ་བསྐོ་བཞག་བྱས་ནས་ལོ་གསུམ་གྱི་རིང་འགན་ཁུར་མཛད། ༢༠༠༡ཙམ་ནས་ད་བར་སེར་བྱེས་གྲྭ་ཚང་དུ་དཔེ་ཁྲིད་དགེ་རྒན་ཀྱི་ལས་འགན་གནང་མུས་ཡིན་པ་བཅས་ལོ་རྒྱུས་མདོར་བསྡུས་སུ།

ངོ་ཤོག 71 ནས་ 683