སྒྲ་མཛོད་ཀྱི་གསལ་བཤད།
དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། མཛོད་རྩ་བའི་གནས་བཞི་པ། [ཀ]
སྒྲ་ཨང་། KADZO206092
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༡༧༦
རྣམ་པ། MP3 རྣམ་གྲངས། 38 ཆེ་ཆུང་། 307.5 MB
ཁྲིད་གཞུང་། མཛོད་རྩ་བ།
མཛད་པ་པོ། སློབ་དཔོན་དབྱིག་གཉེན།
ཁྲིད་མཚམས། གནས་བཞི་པ།
འཁྲིད་མཁན། དགེ་བཤེས་བློ་བཟང་ཆོས་འཕེལ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༠༤།༠༣ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་དྲུག་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་བློ་བཟང་ཆོས་འཕེལ་ནི། ༡༩༦༣ ལོར་ལྷོ་ཁ་ཁུལ་དུ་འཁྲུངས། ཆུང་དུས་དམངས་བཙུགས་སློབ་གྲྭ་འགྲིམས་ཏེ་བོད་ཡིག་འབྲི་ཀློག་སོགས་ལ་སྦྱང་བ་གནང་། ༡༩༨༢ ལོར་དགའ་ལྡན་དུ་ཆོས་སྒོར་ཞུགས། ༨༣ ལོར་འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། ༨༥ ལོར་༧ གོང་ས་མཆོག་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། སློབ་གཉེར་གྱི་སྐབས་ནས་སློབ་གཉེར་པ་རྣམས་ལ་དཔེ་ཁྲིད་ཆད་མེད་གནང་། ༢༠༠༡ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས་ཤིང་། སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། ཤཱཀྱའི་འོད་སྣང་སློབ་གྲྭའི་དགེ་རྒན་སོགས་གནང་བཞིན། ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གནང་བཞིན་བཞུགས་པ་འདི་ག་ལགས་སོ། །
1. ཁྲིད་གཞུང་། མཛོད་རྩ་བ། |
སྒྲ་མཛོད་ཀྱི་རེའུ་མིག
མཁས་པ་གཞན། སྒྲ་མཛོད་ཀྱི་རེའུ་མིག་དང་པོ།
སྡེ་ཚན། : མཁས་པ་གཞན། | ཀློག་གྲངས། 17654
ྋགོང་ས་མཆོག་གི་སྒྲ་མཛོད་ཀྱི་རེའུ་དང་པོ།
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 11368
མཁས་པ་གཞན། སྒྲ་མཛོད་ཀྱི་རེའུ་མིག་གསུམ་པ།
སྡེ་ཚན། : མཁས་པ་གཞན། | ཀློག་གྲངས། 15194
མཁས་པ་གཞན། སྒྲ་མཛོད་ཀྱི་རེའུ་མིག་གཉིས་པ།
སྡེ་ཚན། : མཁས་པ་གཞན། | ཀློག་གྲངས། 21034