སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2021 ལོའི་ཟླ་བ། Feb ཚེས། 03 རེས་གཟའ། Wed

དགྱེས་རབ་རྡོ་རྗེའི་གསུང་འབུམ། [ང]

sjrb-0172མཛད་པ་པོ། དགྱེས་རབ་རྡོ་རྗེ། [༡༨༣༢-༡༨༨༨]
ཆོས་ཚན།
རྣམ་སྣང་གི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སོགས།
ཞུ་སྒྲིག་པ།
སེར་བྱེས་ལྡན་བྱམས་པ་ཆོས་དབང་།
པར་གཞི་ཡོང་ཁུངས།
སེར་བྱེས་ལྡན་བྱམས་པ་ཆོས་དབང་།
རིག་མཛོད་དེབ་ཨང་།
SJRB-0172
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
2.6MB
༢༠༡༦ ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༢ ཚེས་ ༣ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ང་པ་འདིར། ༡ དགྱེས་རབ་རྡོ་རྗེའི་མཛད་རྣམ་སྙིང་བསྡུས། ༢ སྦྱོང་རྒྱུད་རྣམ་སྣང་ཆེན་པོའི་དཀྱིལ་འཁོར་དུ་འཇུག་པའི་སྟ་གོན་གྱི་ཆོ་ག ༣ ཁྱབ་བདག་རྣམ་སྣང་ཆེན་པོའི་དཀྱིལ་འཁོར་དུ་གཞུག་པའི་དངོས་གཞིའི་ཆོ་ག ༤ དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དབང་གི་སློབ་མ་སྟ་གོན་གྱི་སྐོར་གྱི་རིམ་པ་གཞུང་མཆན་འགྲེལ་དང་བཅས་པ། ༥ དཔལ་འཁོར་ལོ་སྡོམ་པ་ལྷ་ལྔའི་དངོས་གཞིའི་ཆོ་ག་གཞུང་མཆན་འགྲེལ་དང་བཅས་པ་ཕྱོགས་གཅིག་ཏུ་བཀོད་པ། ༦ དཔལ་གསང་བ་འདུས་པའི་དབང་གི་སློབ་མ་སྟ་གོན་གྱི་ཆོ་ག ༧ རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་གི་ཆོ་ག་ཚིག་དོན་མཆན་འགྲེལ་དང་བཅས་པ་གསལ་བར་བྱེད་པ་རིག་འཛིན་ཀུནྡ་བཞད་པའི་ཟླ་ཟེར་བཅས་ཆོས་ཚན་བདུན་ལྷན་དུ་བཞུགས།

PDF       ཕབ་ལེན།
ངོ་ཤོག 686 ནས་ 896