སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

སྒྲ་མཛོད།

སྒྲ་མཛོད། (769)

དྲ་ཐོག་འཇུག་དུས། 2019 ལོའི་ཟླ་བ། Mar ཚེས། 30 རེས་གཟའ། Sat

ཁྲིད་གཞུང་། སི་ཏུའི་སུམ་རྟགས་འགྲེལ་ཆེན།[ག] རྟགས་འཇུག

དྲ་འཇུག་པ།

སྒྲ་ཨང་། KADRD2030292
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༤༢༠
རྣམ་པ། MP3 རྣམ་གྲངས། 61 ཆེ་ཆུང་། 931.4 MB
ཁྲིད་གཞུང་།
སུམ་རྟགས་རྣམ་བཤད་མུ་ཏིག་ཕྲེང་མཛེས།
མཛད་པ་པོ། སི་ཏུ་ཆོས་ཀྱི་འབྱུང་གནས། [༡༦༩༩- ༡༧༧༤]
ཁྲིད་མཚམས།
རྟགས་འཇུག
འཁྲིད་མཁན། རྒན་བྱམས་པ་ཆོས་གྲགས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྒན་བྱམས་པ་ཆོས་གྲགས་མཆོག་ནི། ༡༩༣༣ བོད་དུ་སྐུ་འཁྲུངས། དགུང་ལོ་དྲུག་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅོ་ལྔའི་སྐབས་དབུས་སུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་ཆོས་སྒོར་ཞུགས་ཏེ་སློབ་གཉེར་གནང༌། ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་ཐོག་མར་སྦག་སར་ཐོས་བསམ་གྱི་འཕྲོ་བསྐྱངས། ཞོར་དུ་ཡིག་གཟུགས། སྙན་སུམ་བཅས་ལའང་སྦྱངས། ༡༩༦༢ ལོར་རང་གཞུང་ཆོས་དོན་ལས་ཁུངས་ནས་དབུ་ཆེན་ཡིག་འབྲིར་བཀའ་འགུགས་གནང་། ༡༩༦༧ ལོར་རྡ་ཤོད་ཟུར་གསོག་སློབ་དགེ་དང་དེ་རྗེས་ཨ་བྷ་ནཱ་ཐའི་ཀོ་སྤྲིར་ཟུར་སྐྱོང་སློབ་གྲྭའི་དགེ་རྒན། ཤེས་རིག་ལྷན་ཁང་གི་ཡིག་ཆའི་དཀར་ཆག་བཟོ་འགོད། མ་སུ་རིར་དབྱིན་བོད་ཤན་སྦྱར་ཚིག་མཛོད་བཟོ་བསྐྲུན་གྱི་བོད་ཡིག་ལས་འགན་འཐུས་ཚང་གནང༌། ༡༩༦༨ ནས་རང་གཞུང་གཏན་སློབ་ཁག་ཏུ་བོད་དགེ་གནང་། ༡༩༧༣ ནས་ལོ་བཅུའི་རིང་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་རྐང་འཛིན་གནང༌། ༡༩༩༤ ལོར་རྒན་ཡོལ་ཐོབ་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་གཏན་བཞུགས་གནང་སྟེ་སློབ་ཕྲུག་རྣམས་ལ་སྙན་སུམ་སོགས་སློབ་ཁྲིད་གནང༌། ༢༠༠༩ ལོར་སྐུ་གཤེགས།

ངོ་ཤོག 53 ནས་ 129