སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

སྒྲ་མཛོད།

སྒྲ་མཛོད། (765)

དྲ་ཐོག་འཇུག་དུས། 2016 ལོའི་ཟླ་བ། Sep ཚེས། 18 རེས་གཟའ། Sun

ཁྲིད་གཞུང་། ལམ་རིམ་གསེར་ཞུན་མ། [ཀ]

དྲ་འཇུག་པ།

སྒྲ་ཨང་། KADLL203034
མཁས་པ་གཞན། [ལམ་རིམ་བློ་སྦྱོང་།] སྤྱིའི་ཨང་། ༤༡
རྣམ་པ། MP3 རྣམ་གྲངས། 30 ཆེ་ཆུང་། 565.5 MB
འཁྲིད་གཞུང་། ལམ་རིམ་གསེར་ཞུན་མ།
མཛད་པ་པོ། རྒྱལ་མཆོག་བསོད་ནམས་རྒྱ་མཚོ། [༡༥༤༣-༡༥༨༨]
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ།
འཁྲིད་མཁན། མཁན་ཟུར་བྱམས་པ་ཐེག་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༢ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་ཟུར་བྱམས་པ་ཐེག་མཆོག་ནི། ཕྱི་ལོ་༡༩༣༠ ལོར་འཕན་པོར་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་ཆོས་སྒོར་ཞུགས། དགུང་ལོ་བཅུ་ཙམ་ནས་གཞུང་ཆེན་ཐུགས་གཉེར་གྱི་དབུ་བཙུགས། ༥༩ ལོར་བྱེས་སུ་ཕེབས་ཏེ། སྦག་ས་ཆོས་སྒར་དུ་གཞུང་ཆེན་ཐུགས་གཉེར་ཀྱི་འཕྲོ་བསྐྱངས་ཤིང་། ཝཱ་ཎ་མཐོ་སློབ་ཏུ་སློབ་དཔོན་ལོ་བདུན་དང་། ཕ་རན་སུ་སོགས་ཕྱིའི་ཡུལ་གྲུ་རྣམས་སུ་ཆོས་སྦྱིན་སྤེལ། ༡༩༩༣ ལོར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་ཆོས་སྲིད་གཉིས་ཆ་ནས་དྲིན་གྱིས་བསྐྱངས། ༢༠༡༥ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།

1. ཁྲིད་གཞུང་།  ལམ་རིམ་གསེར་ཞུན་མ།
ངོ་ཤོག 106 ནས་ 128