- མདུན་ངོས།
- འཕྲུལ་དེབ་གསར་ཤོས།
- རིག་གནས།
རིག་གནས། (40)
རོལ་མོའི་བསྟན་བཅོས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ས་པཎ་ཀུན་དགའ་རྒྱལ་མཚན།
བརྗོད་བྱ། རོལ་མོའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0093
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 376KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་ནི། ས་སྐྱར་འཁྲུངས། ཁུ་བོ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་གསོལ། དགུང་ལོ་ཆུང་དུས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལ་སྦྱངས་པ་གནང་པས་འཆད་ཉན་དང་ལག་ལེན་འཁྱོལ་ཐུབ་པའི་མཁས་པར་གྱུར། རྒྱ་གར་གྱི་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་དགའ་བོ་རྩོད་པས་བཏུལ་ནས་རལ་བ་བྲེགས། དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔའི་སྐབས་ས་སྐྱའི་གདན་སའི་ཁྲིར་ཕེབས། སྐལ་ལྡན་གྱི་བུ་སློབ་མང་དུ་བསྐྱངས། དགུང་ལོ་རེ་གཉིས་པར་སོག་རྒྱལ་གྱིས་གདན་ཞུས་ལྟར་ལང་གྲུར་ཕེབས། ཁོང་ནི་ས་སྐྱ་གོང་མ་ལྔའི་ནང་གི་བཞི་པ་ཡིན། ༡༢༥༡ ལོར་ལང་གྲུར་སྐུ་གཤེགས། གསུང་རྩོམ་ལ་པོད་གསུམ་བཞུགས།
PDF ཕབ་ལེན། |
---|
དེ་ལས་མང་བ།...
སུམ་རྟགས་སི་ཏུའི་ཞལ་ལུང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། དངུལ་ཆུ་དྷརྨ་བྷ་དྲ།
བརྗོད་བྱ། བོད་ཀྱི་བརྡའི་རྣམ་གཞག
རིག་མཛོད་འཕྲུལ་དེབ་ཨང་། SJRB-0180
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.5MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༧ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། དངུལ་ཆུ་བླ་མ་ཆོས་བཟང་ངམ། ཡོངས་གྲགས་སུ་དངུལ་ཆུ་དྷརྨ་བྷ་དྲ་ཞེས་འབོད། གཙང་ཕྱོགས་སུ་འཁྲུངས། དགུང་ལོ་བཅུ་གཅིག་སྐབས་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་བཞིའི་སྐབས་ཆོས་སྒོར་ཞུགས། བཀྲ་ཤིས་ལྷུན་པོ་སོགས་སུ་གཞུང་ཆེན་ཁག་གཙོ་བྱས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མཐའ་དག་ལེགས་པར་སྦྱངས། སློབ་མ་གྲགས་ཆེན་དབྱངས་ཅན་གྲུབ་པའི་རྡོ་རྗེ་དང་། མཁས་ཆེན་ངག་དབང་སྙན་གྲགས་སོགས་མང་ངོ་། ༡༨༥༡ ལོར་དངུལ་ཆུ་རི་ཁྲོད་དུ་སྐུ་གཤེགས། གསུང་རྩོམ་ལ། པོ་ཏི་དྲུག་བཞུགས།
PDF ཕབ་ལེན། |
---|
ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་གི་རྩ་འགྲེལ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ཨཱ་ཙཱརྱ་དཔལ་བརྩེགས།
བརྗོད་བྱ། ཆོས་ཕྱོགས་ཀྱི་ཐ་སྙད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0002
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.1MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༢ ཟླ་ ༦ ཚེས་ ༢༥ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་སམ་བན་དེ་དཔལ་བརྩེགས་མཆོག་ནི། འཕན་པོའི་ཡུལ་དུ་རུས་མིང་སྐ་བ་ཡིན་པའི་ཡབ་སྐ་བ་བློ་ལྡན་དང་ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱོན་པའི་ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་སྟེ། འབྲོ་སྐ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན། སྣ་ནམ་ཞང་ཡེ་ཤེས་སྡེ་བཅས་གསུམ་ལ་ཡོངས་གྲགས་སུ་སྐ་ཅོག་ཞང་གསུམ་ཞེས་པའི་ཡ་གྱལ་གྱི་ལོ་ཙཱ་བ་ཞིག་ཡིན། སྔ་འགྱུར་གྱི་ལོ་རྒྱུས་ཕལ་ཆེ་བའི་ནང་སྐ་ཅོག་ཞང་གསུམ་མཁན་སློབ་ཆོས་གསུམ་གྱི་སྐབས་སུ་ལོ་ཙཱ་བ་མཛད་པ་མ་ཟད། མཁན་ཆེན་སྐུ་གཤེགས་རྗེས་རྒྱ་ནག་གི་སློབ་དཔོན་ཧྭ་ཤང་དང༌། སློབ་དཔོན་ཀ་མ་ལ་ཤཱི་ལ་གཉིས་དམ་པའི་ཆོས་ཀྱི་རྩོད་པ་མཛད་ཅིང་ཧྭ་ཤང་ཕམ་པར་མཛད་པའི་རྗེས་སུ། སྒོམ་རིམ་ཐོག་མཐའ་བར་གསུམ་དང་དབུ་མ་སྣང་བ་བཅས་བརྩམས་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་གནང་། སྒོམ་རིམ་རྣམ་པ་གསུམ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་ཞིང་། དབུ་མ་སྣང་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་གནང་མཛད་པ་བཅས་ལ་བརྟེན་ནས་སྐ་ཅོག་ཞང་གསུམ་མཁན་སློབ་ཆོས་གསུམ་ཞལ་བཞུགས་དུས་ཀྱི་ལོ་ཙཱ་བ་ཡིན། ཆོས་འབྱུང་མེ་ཏོག་སྙིང་པོ་ལས་ཀྱང་སྐ་ཅོག་ཞང་གསུམ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་སྨད་དུ་བྱོན་པའི་ལོ་ཙཱ་བ་ཡིན་པར་གསུངས། ལོ་རྒྱུས་ནང་དུ་ཡོད་པ་བཞིན་སྐ་ཅོག་ཞང་གསུམ་ལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ལོ་ཙཱ་བ་གཞོན་གསུམ་ཞེས་གསུང་སྲོལ་ཡོད་པའི་རྒྱུ་མཚན་ཡང་འདི་ཉིད་ཡིན་པར་སྙམ། བཀའ་བསྟན་ཤེར་ཕྱིན་གྱི་གཞུང་དང་། འདུལ་བ། གསང་སྔགས་སོགས་ལོ་ཙཱ་བ་འདི་ཉིད་ཀྱིས་བསྒྱུར་བའི་བཀའ་བསྟན་ཤིན་ཏུ་མང་ངོ་། །
༢༠༢༢ ཟླ་ ༦ ཚེས་ ༢༥ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་ཏེ་བསྒྲིགས།
PDF ཕབ་ལེན། |
---|
དབྱངས་ཅན་སྒྲ་མདོ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། འཕགས་མ་དབྱངས་ཅན་མ།
བརྗོད་བྱ། མཚམས་སྦྱོར་དང་རྣམ་དབྱེ་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0288
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 642KB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༢༦ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕགས་མ་དབྱངས་ཅན་མ་ནི། ཕྱི་ནང་གཉིས་ཀས་ཤེས་རབ་ཀྱི་ལྷར་བརྩི་སྲོལ་ཡོད་ཅིང་། འདིའི་བྱུང་རིམ་ལའང་ཕྱི་ནང་གཉིས་ཀས་བརྗོད་ཚུལ་མི་འདྲ་བར་ཡོད། སྒྲ་མདོ་འདི་ནི། འཕགས་ཡུལ་ལྷོ་ཕྱོགས་སུ་སྐུ་འཁྲུངས་པའི་སློབ་དཔོན་ཨ་ནུ་བྷཱུ་ཏི་འམ་རང་བཞིན་བཟང་པོ་ཞེས་བྱ་བ་དེས། པཎྜི་ཏ་སྟོང་ཕྲག་དུ་མ་འདུས་ནས་སྒྲ་རིག་པའི་སྐོར་ལ་བགྲོ་གླེང་གནང་བའི་སྐབས། སློབ་དཔོན་གྱིས་སྐྱེས་བུ་རྣམས་ལ་ཞེས་པའི་དོན་ལ། པུཾ་སུ་ཞེས་བརྗོད་དགོས་ཀྱང༌། པུཾ་ཀྵུ་ཞེས་པ་ངག་ནས་ཤོར་བ་ན། ཚོགས་པ་ཀུན་གྱིས་འཕྱ་སྨོད་བྱས་པས། སློབ་དཔོན་གྱིས་རང་གིས་ནོར་བ་ཡིན་པ་དགོངས་བཞིན་དུ་ངོ་ཚ་ནས། འདི་ལྟ་བུ་སྔོན་གྱི་སྒྲ་མཁན་རྣམས་ཀྱི་གཞུང་ན་ཡོད་པས་གླེགས་བམ་ནངས་པར་བསྟན་པར་བྱ་འོ་གསུངས་ནས་ཚོགས་པ་གྱེས་སོ། །ནང་དུ་སླེབས་ནས་དགེ་སྦྱོར་རྣམས་བསྐྱངས་ཏེ་ནམ་ཕྱེད་སླེབས་པ་ན། དེ་འདྲའི་པོ་ཏི་མེད་པས་ནངས་པར་དེ་དག་གི་གདོང་ལ་ཇི་ལྟར་བལྟ། དེ་བས་ཤི་བ་དགའ་སྙམ་ནས་རལ་གྲིས་མགུལ་པར་གཟས་པས་ས་ལ་ཁྲག་ཉིལ་གྱིས་ལྷུང་བའི་མོད་ལ། འཕགས་མ་དངོས་སུ་བྱོན་ནས་བུ་བུ་གདུང་བ་མ་བྱེད་ཅེས་གསུངས་ནས། བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་སྐད་ཅིག་ལ་སྩལ་ཏེ་དབུགས་ཕྱུང༌། སྔོན་གྱི་སྒྲ་མཁན་དྲང་སྲོང་ཀ་ཏིའི་བུས་བྱས་པའི་གཞུང་བརྟི་ཀ་ཞེས་པ་ལས། རིགས་དང་བརྩོན་པ་ཆེན་པོའི་དོན་ལ་ཀཀ྄་ ཨཱ་ག་མ་སྦྱིན་པར་བྱ་ཞེས་པའི་ཁུངས་ལུང་བསྟན་ནས། རྨའི་ཟུག་རྔུ་ཡང་མེད་པར་མཛད། དེ་ནས་འཕགས་མ་དངོས་ཀྱིས་སྩལ་བའི་མདོ་དེ་ལ་གཞུང་འགྲེལ་རབ་བྱེད་གསལ་ལྡན་ཞེས་པ་མཚན་མོ་ཐུན་གཅིག་གི་རིང་ལ་གྲུབ་པར་མཛད་དེ། འཕགས་མའི་བྱིན་རླབས་ཀྱིས་ཡིག་ཤོག་ཀྱང་ཡུན་རིང་ལོན་པའི་དཔེ་རྙིང་ལྟ་བུར་གྱུར། ཉི་མ་ཤར་བ་ན་རྒོལ་བ་ཚོགས་པའི་མདུན་སར་རྩེད་མོའི་ཚུལ་གྱིས་གླེགས་བམ་བསྟན། ཀུན་ལ་གྲགས་པའི་ཀ་ཏིའི་བུའི་ལུང་དྲངས་པས་ཚོགས་པ་ཀུན་མགུ་བར་བྱས། དེ་ནས་མགུལ་གྱི་རྨ་ཤུལ་དང་ལོ་རྒྱུས་རྣམས་བསྙད་པས་ཀུན་ངོ་མཚར་དུ་གྱུར། མཁས་པ་མང་པོས་ཞུས་པ་ལ་བརྟེན་མདོ་འགྲེལ་པ་དང་བཅས་ཚར་གཅིག་བཤད་ནས་ཕྱོགས་ཀུན་ཏུ་དར་བར་བྱས་སོ་ཞེས་གྲགས་སོ། །
PDF ཕབ་ལེན། |
---|
ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། སློབ་དཔོན་བསོད་ནམས་རྩེ་མོ།
བརྗོད་བྱ། ཡི་གེའི་བྱེ་བྲག་དང་དབྱེ་བསྡུ་བཀླག་ཐབས་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0095
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 568KB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༡༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། སློབ་དཔོན་བསོད་ནམས་རྩེ་མོ། ས་སྐྱ་གོང་མ་ལྔའི་ནང་གི་དཀར་པོ་རྣམ་གསུམ་གྱི་གཉིས་པ་ཡིན། བོད་དུ་དཔལ་ས་སྐྱར་ས་ཆེན་ཀུན་དགའ་སྙིང་པོའི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་པར་འཇམ་དབྱངས་སོགས་ལྷག་པའི་ལྷའི་ཞལ་གཟིགས། ཡབ་དྲུང་ནས་ཡབ་ཆོས་གང་མང་གསན། ཕྱྭ་བ་ཆོས་སེང་གི་དྲུང་དུ་ལོ་བཅུ་གཅིག་ལ་བཞུགས་ཏེ་ཚད་མ་རིག་པ་སོགས་སློབ་གཉེར་གནང་། དགུང་ལོ་ཉེར་དྲུག་པར་[ཆོས་ལ་འཇུག་པའི་སྒོ་] ཞེས་པའི་བསྟན་བཅོས་མཛད། སྐུ་ཚེ་གང་པོར་འཆད་རྩོམ་གྱིས་དུས་འདའ་བར་མཛད། སློབ་བུ་གྲགས་ཆེ་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་བྱུང་། ཁོང་གི་གསུང་ལ། པོ་ཏི་གསུམ་ཡོད། དགུང་ལོ་ཞེ་གཅིག་པར་རྒྱ་གར་མ་ག་དྷར་སྐུ་གཤེགས། རྣམ་ཐར་རྒྱས་པ། བདག་ཆེན་ཨ་མེས་ཞབས་ཀྱིས་མཛད་པའི་[ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་]དུ་གསལ།
PDF ཕབ་ལེན། |
---|
དག་པར་བྱེད་པའི་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན།
བརྗོད་བྱ། ཡི་གེའི་སྡེབ་སྦྱོར་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0092
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 545KB
བསྐྱར་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༦ ཚེས་ ༢༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ཆོས་རྗེ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་ནི། ས་སྐྱར་ཡབ་དཔལ་ཆེན་འོད་པོ་ཆེའི་སྲས་སུ་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་ཞིང་། ཁུ་བོ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེེ་མཚན་ལ་ཀུན་དགའ་རྒྱལ་མཚན་གསོལ། དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་རིག་པ་དང་། བཟོ་གསོ། སྒྲ་རྩིས། དབུ་ཕར། འདུལ་མཛོད། གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པ་ལག་ལེན་འཁྱོལ་ཐུབ་པའི་མཁས་པར་གྱུར། རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་དགའ་བོ་སོགས་རྩོད་པས་བཏུལ་ནས་རལ་བ་བྲེགས། དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔའི་སྐབས་ས་སྐྱའི་ཁྲིར་ཕེབས། དགུང་ལོ་རེ་གཉིས་པར་སོག་རྒྱལ་གོ་དན་གྱིས་གདན་ཞུས་ལྟར་ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། འགྲོ་མགོན་ཕྱག་ན་རྡོ་རྗེ་འཁོར་བཅས་ལང་གྲུར་ཕེབས། ཁོང་ནི་ས་སྐྱ་གོང་མ་ལྔའི་ནང་གི་བཞི་པ་ཡིན། ༡༢༥༡ ལོར་ལང་གྲུའུ་སྤྲུལ་པའི་སྡེ་ཞེས་བྱ་བར་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། པོད་གསུམ་ཙམ་ཡོད། ཁོང་གི་རྣམ་ཐར་རྒྱས་པ། འགྲོ་མགོན་ཆོས་རྒྱལ་འཕགས་པས་མཛད་པའི་རྣམ་ཐར་དང་། མཁན་ཆེན་རིན་ཆེན་དཔལ་གྱིས་མཛད་པའི་རྣམ་ཐར། ས་སྐྱའི་གདུང་རབས་བཅས་སུ་གསལ་ལོ།།
PDF ཕབ་ལེན། |
---|
རིག་གནས།
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 10195
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 9000
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 9998
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 14767
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 16602
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 12793
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 14110
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 10424