- མདུན་ངོས།
- ལམ་རིམ་བློ་སྦྱོང་།
- ལམ་རིམ།
ལམ་རིམ། (22)
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། [ག]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADLL203022
སྟོན་པ་འཇིག་རྟེན་དབང་ཕྱུག [ལམ་རིམ།] སྤྱིའི་ཨང་། ༨༣
རྣམ་པ། MP3 རྣམ་གྲངས། 18 ཆེ་ཆུང་། 170.4 MB
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
འཁྲིད་དུས། ༡༩༩༧
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༧ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་ལྔ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། ཉིན་རེའི་འཚོ་བའི་ནང་དུ་གྲོགས་པོ་དང་ངོ་ཤེས་ཀྱི་རེ་འདོད་བཞིན་ང་ཚོས་གང་ལ་གང་འཚམ་གྱིས་བསྟུན་ཞིང༌། དེ་ལྟར་བསྟུན་ཐུབ་པའི་ནུས་པ་ནི་ཡོན་ཏན་ཞིག་ཏུ་མཐོང་གི་ཡོད་རུང༌། སོ་སོའི་ཁེ་ཕན་སྲུང་ཞིང་གཞན་གྱི་བདེ་སྡུག་སྣང་མེད་དུ་བསྐྱུར་བ་སོགས་མི་དགེ་བའི་ལས་བྱེད་མཁན་ཚོ་དང་འགྲོགས་ན། ང་ཚོ་ནི་སེམས་ཀྱི་གཏད་སོ་བོར་བའི་ཉེན་ཁ་ལ་འཕྲད་རྒྱུ་རེད། གཏད་སོ་བརླགས་པའི་རྐྱེན་གྱིས་གཞན་ལ་གྲོགས་བྱེད་པའི་ང་ཚོའི་ནུས་པའང་ཉམ་དམས་སུ་འགྲོ་ངེས་རེད། ང་ཚོ་བོད་པ་ཚོར་གཏམ་དཔེ་འདི་ལྟ་བུ་ཞིག་ཡོད་དེ། ང་ཚོ་གསེར་གྱི་རི་བོའི་སྟེང་དུ་བསྡད་ན། ང་ཚོའི་སྟེང་དུ་གསེར་འགོས་པ་དང༌། ཐལ་བའི་ནང་དུ་བསྡད་ན་ང་ཚོར་ཐལ་བ་འགོས་རྒྱུ་རེད། མི་དེའི་རིགས་དང་ཐག་རིང་དུ་གནས་ན་བཟང་ཡང་འབྲེལ་བ་གཏན་དུ་གཅོད་མི་རུང༌། དོན་དངོས་སུ་བརྗོད་ན། ཁོ་ཚོས་བྱ་སྤྱོད་དེའི་རིགས་སྟོན་པར་བཀག་འགོག་བྱེད་པའི་གོ་སྐབས་འོས་འཚམ་ཡང་ང་ཚོར་མཚམས་རེར་ཡོད་པ་དང༌། དེ་ལྟར་བྱེད་སྐབས་རང་གི་ཀུན་སློང་གཙང་ཞིང་བྱེད་ཐབས་འཚེ་བ་མེད་པ་ཞིག་ཡིན་དགོས་ཤིང༌། འདིར་ཡང་སྙིང་རྗེ་དང་ཤེས་རབ་ནི་རྩ་འཛིན་གཙོ་བོ་ཞིག་ཡིན། |
དེ་ལས་མང་བ།...
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། [ཁ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADLL203021
སྟོན་པ་འཇིག་རྟེན་དབང་ཕྱུག [ལམ་རིམ།] སྤྱིའི་ཨང་། ༨༢
རྣམ་པ། MP3 རྣམ་གྲངས། 254 ཆེ་ཆུང་། 1.5 GB
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༢༦ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་ལྔ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། འཛམ་གླིང་གི་ཆོས་ལུགས་ཆེན་པོ་རྣམས་ཀྱིས་བསྟན་པའི་རྩ་བའི་བླང་དོར་གྱི་གདམས་ངག་དེ་དག་ལས་ལྷག་ཅིག་ང་ཚོས་རྙེད་དཀའ་རྒྱུ་རེད། ཡིན་ལུགས་ངོ་ཐོག་གི་ལྟ་ཚུལ་མི་མཐུན་པ་ཡོད་ཀྱང༌། སྲོལ་རྒྱུན་དེ་རྣམས་ཀྱི་བར་ལ་མོས་མཐུན་མངོན་གསལ་ཞིག་ཡོད་པར་སྣང་སྟེ། སྲོག་གཅོད་པ་དང༌། མ་བྱིན་པར་ལེན་པ། རྫུན་སྨྲ་བ། མི་ཚངས་པར་སྤྱོད་པ་ལ་སོགས་པ་ནི་མི་དགེ་བ་ཡིན་པ་ཚང་མས་མོས་མཐུན་གནང་ཞིང༌། ད་དུང་ཀུན་སློང་གི་ཆ་ནས་བརྗོད་ན། སྲོལ་རྒྱུན་ཚང་མས་ཞེ་སྡང་དང༌། ང་རྒྱལ། ཞེན་ཆགས། ཕྲག་དོག རྔམ་སེམས། ཆགས་སྲེད། མི་རིགས་དབྱེ་འབྱེད་རིང་ལུགས་ལྟ་བུའི་འཚེ་བའི་ལྟ་བ་སོགས་སྤང་དགོས་པའི་མོས་མཐུན་ཡང་གནང་གི་ཡོད། |
ཁྲིད་གཞུང་། བྱང་ཆུབ་ལམ་སྒྲོན། [ཀ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADLL203020
སྟོན་པ་འཇིག་རྟེན་དབང་ཕྱུག [ལམ་རིམ།] སྤྱིའི་ཨང་། ༨༡
རྣམ་པ། MP3 རྣམ་གྲངས། 4 ཆེ་ཆུང་། 417.2 MB
ཁྲིད་གཞུང་། བྱང་ཆུབ་ལམ་སྒྲོན།
མཛད་པ་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༨ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་ལྔ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། དེ་ལྟ་བས་ན་ང་ཚོས་སྤྱི་སེམས་གོང་འཕེལ་གཏོང་དགོས་པར་མ་ཟད། རང་ཉིད་ནི་ད་དུང་འགན་ཁུར་པའི་མི་ཞིག་ཀྱང་བྱེད་དགོས། ང་ཚོས་རང་གི་ལྟ་བ་རྣམས་ལག་ལེན་དུ་མ་བཏབ་ན། དེ་རྣམས་ནི་བསམ་བློ་ཙམ་གྱི་ངོས་ནས་ལྷག་ཡོད། དེ་བས་ན་ཆབ་སྲིད་པ་ཞིག་ལ་མཚོན་ན། རང་ཚུགས་དང་དྲང་བདེན་ཡོད་པའི་སྒོ་ནས་རང་གི་ལས་དོན་ལ་བརྩོན་པ་ནི་འོས་འགན་ཞིག་ཡིན་ཞིང༌། ཚོང་ལས་གཉེར་མཁན་ཞིག་ལ་མཚོན་ན། ལས་གཞི་གང་གི་ནང་དུའང་གཞན་གྱི་དགོས་མཁོ་ལ་བསམ་བློ་གཏོང་དགོས་པ་འོས་འགན་ཞིག་ཡིན། ཁྲིམས་རྩོད་པ་ཞིག་ལ་མཚོན་ན། དྲང་བདེན་གྱི་ཆེད་དུ་སོ་སོའི་ནུས་པ་ཡོད་ཚད་བཀོལ་བ་ནི་འོས་འགན་ཞིག་ཡིན། |
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། H-ADLL203001
སྟོན་པ་འཇིག་རྟེན་དབང་ཕྱུག [ལམ་རིམ།] སྤྱིའི་ཨང་། ༡
རྣམ་པ། MP3 རྣམ་གྲངས། 78 ཆེ་ཆུང་། 1.03 GB
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༥ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་བཞི་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། འཇིག་རྟེན་གྱི་མཐོང་ཆོས་སུ་ཡང་ཇི་ཙམ་གྱིས་སྤྱི་སེམས་བཅངས་ཏེ། གཞན་ལ་ཕན་པ་བསྒྲུབས་ན་དེའི་ཚོད་ཀྱིས་རང་དོན་ཞར་ལ་འགྲུབ་ནུས་པ་ཞིག་ཡོང་ལ། མི་གཞན་ཀུན་གྱིས་ཀྱང་རང་ལ་ཡིད་ཆེས་བློས་འགེལ་བྱས་ཏེ་སེམས་ཐག་ཉེ་པོ་དང་གྲོགས་པོར་འགྱུར་ནུས། དེ་འདྲ་ཞིག་བྱུང་ན་གཡས་ལ་བལྟས་ཀྱང་གྲོགས་པོ། གཡོན་ལ་བལྟས་ཀྱང་གྲོགས་པོ། མདུན་ལ་བལྟས་ཀྱང་གྲོགས་པོས་ཁེངས་པ་ཞིག་ཡོང་ནུས་པས་ཤིན་ཏུ་ལེགས་པ་ཡིན། མིའི་སྤྱི་ཚོགས་འདི་ཕན་ཚུན་འདུས་པའི་རང་བཞིན་གྱི་སྤྱི་ཚོགས་ཤིག་ཡིན་པས་གཡས་གཡོན་ཀུན་ནས་ཡིད་བརྟན་འཕེར་བའི་གྲོགས་པོ་གྲོགས་མཆེད་ཀྱིས་བསྐོར་ཏེ་གནས་ཐུབ་པ་ཞིག་བྱུང་ན་སེམས་སྐྱིད་པོ་ཡོང་ལ། དཀའ་ངལ་འཕྲད་པའི་དུས་སུ་ཡང་དཀའ་ངལ་བཤད་ས་ཡོད་པ། བཀྲ་ཤིས་པ་བྱུང་ཡང་བཀྲ་ཤིས་པའི་བདེ་སྐྱིད་དེ་བགོ་བཤའ་བརྒྱག་རྒྱུ་ཡོད་པ་ཧ་ཅང་སྐྱིད། དེ་ལྟ་མིན་པར་ང་དང་ང་ཞེས་རང་གཅིག་པུའི་དོན་བསམས་ཏེ་གཞན་བདེ་ཁྱད་དུ་གསོད་པའི་རང་གཅེས་འཛིན་ངན་པ་ཞིག་གི་གཞན་དབང་དུ་སོང་ནས་བསྡད་ན་མཐར་གྲོགས་མེད་གཅིག་པུར་ལྷག་སྟེ་གནས་དགོས་པ་ཡོང་། |