- མདུན་ངོས།
- བླང་དོར་བཀའ་སློབ།
བླང་དོར་བཀའ་སློབ། (13)
ཁྲིད་ཚན། སེར་བྱེས་འདུ་ཁང་གསར་པའི་སྐབས་ཀྱི་བཀའ་སློབ། [ཐ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADA203080
སྟོན་པ་འཇིག་རྟེན་དབང་ཕྱུག [བླང་དོར་བཀའ་སློབ།] སྤྱིའི་ཨང་། ༡༤༡
རྣམ་པ། MP3 རྣམ་གྲངས། 18 ཆེ་ཆུང་། 243.9 MB
ཁྲིད་ཚན། སེར་བྱེས་འདུ་ཁང་གསར་བཞེངས་སྐབས་ཀྱིབཀའ་སློབ།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༥ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། རང་འདོད་མེད་པ་དང་གཞན་ལ་སེམས་ཁུར་བྱེད་པ་ནི་ང་ཚོ་རང་གི་ཁེ་ཕན་ཙམ་མ་ཡིན་པར། ང་ཚོའི་ལུས་པོའི་གྲུབ་ཆའི་རང་བཞིན་གྱི་ཐོག་ནས་རང་ཆས་སུ་ཡོད་པའང་བསྟན་ཡོད། དེ་ལྟ་བུའི་དཔང་རྟགས་ང་ཚོ་སྒེར་གྱི་མྱོང་བ་དང་མཉམ་སྡེབ་བྱས་ཤིང་། རྒྱུན་ཤེས་དང་ཟུང་འབྲེལ་བྱས་ན། ངོས་ཀྱི་བསམ་པར། ཆོས་ལུགས་ཀྱི་ལྟ་གྲུབ་བམ་དད་པར་རྩ་བ་ནས་མ་བརྟེན་པར་འགྲོ་བ་མིའི་གཞི་རྩའི་རིན་ཐང་རྒྱུད་སྦྱོང་བྱེད་པའི་ཕན་ཡོན་ཐད་སྒྲུབ་བྱེད་ཤུགས་ཆེ་ཞིག་བསྐྲུན་ཐུབ། དེ་ལ་ངས་དགའ་བསུ་ཞུ་བཞིན་ཡོད། |
དེ་ལས་མང་བ།...
ཁྲིད་ཚན། མོན་གྷོའི་གཞིས་ཆགས་མི་དམངས་ལ་སྩལ་བ། [ཏ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADA203072
སྟོན་པ་འཇིག་རྟེན་དབང་ཕྱུག [བླང་དོར་བཀའ་སློབ།] སྤྱིའི་ཨང་། ༡༣༣
རྣམ་པ། MP3 རྣམ་གྲངས། 2 ཆེ་ཆུང་། 102.8 MB
ཁྲིད་ཚན། མོན་གྷོ་འདོད་རྒུ་གླིང་གཞིས་ལས་ཁང་སོགས་ཀྱི་བཀའ་སློབ།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༤ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། མི་རིང་བར་མི་རྣམས་ཀྱིས་ཆོས་ལུགས་ཡོངས་སུ་འདོར་སྲིད་པའི་བསམ་བློ་འཁོར་མཁན་ཡང་ཡོད། ང་རང་དེའི་གྲས་སུ་མེད། དེ་ལས་ལྡོག་སྟེ་དད་པ་ནི་བཟང་ཕྱོགས་ཀྱི་སྟོབས་ཤུགས་ཤིག་ཡིན་ཞིང་། ཕན་ཐོགས་ཧ་ཅང་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོའི་འཕྲལ་གྱི་ལུས་པོའི་འཚོ་གནས་ལས་བརྒལ་ཏེ་ཆོས་ལུགས་ཀྱིས་འགྲོ་བ་མིའི་མི་ཚེའི་གོ་རྟོགས་སྤེལ་བའི་སྒོ་ནས་རྐྱེན་ངན་འཕྲད་བཞིན་པ་རྣམས་ལ་རེ་བ་དང་སྟོབས་ཤུགས་སྦྱིན་གྱི་ཡོད། འཛམ་གླིང་ནང་གི་རླབས་ཆེན་ཆོས་ལུགས་ཁག་གི་རིན་ཐང་ནི་ངོས་ནས་དོན་དམ་པའི་ཆོས་ལུགས་ཀྱི་མཛའ་འབྲེལ་ལ་ཁ་ཕྱོགས་པ་ཞེས་པའི་སྔོན་གྱི་དཔེ་དེབ་ཞིག་གི་ནང་གོ་བསྡུར་གང་འཚམ་རྒྱས་པོ་བྱས་ཟིན་པའི་བརྗོད་གཞི་ཞིག་ཡིན། ཡིན་ནའང་མི་རྣམས་ཀྱི་དབར་མཛའ་མཐུན་སྐྲུན་པ་དང་། ལམ་སྟོན་དང་སེམས་གསོ་བྱེད་པ། མི་རྣམས་ཀྱིས་མིག་དཔེར་བཟུང་ནས་འབད་པར་འོས་པའི་མི་ཚེ་བཟང་པོ་ཞིག་གི་འཆར་སྣང་སྐྲུན་པ་བཅས་ཀྱི་དེའི་ཕན་ཡོན་ཆ་ཚང་ལ་བསམ་བློ་བཏང་ན། ངའི་བསམ་པར་ཆོས་ལུགས་ནི་སེམས་དོན་རིག་པའི་མེ་ཚེར་མེད་དུ་མི་རུང་བ་ཞིག་རེད་བསམ་གྱི་མི་འདུག |
ཁྲིད་ཚན། འཚེ་མེད་ཞི་བ།[ཉ] དབྱིན་སྐད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADA203071
སྟོན་པ་འཇིག་རྟེན་དབང་ཕྱུག [བླང་དོར་བཀའ་སློབ།] སྤྱིའི་ཨང་། ༡༣༢
རྣམ་པ། MP3 རྣམ་གྲངས། 1 ཆེ་ཆུང་། 138.7 MB
ཁྲིད་ཚན། འཚེ་མེད་ཞི་བ།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྐད་རིགས། དབྱིན་སྐད། En
གནས་དུས། ༡༩༩༩ ཨི་སི་རལ་ཏུ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༤ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། ངོས་ནས་བཟང་སྤྱོད་དེ་ཆོས་ལུགས་ལ་རག་ལས་མེད་ཚུལ་སྒྲུབ་པ་དེ་ཅུང་སྟབས་བདེ་པོ་ཞིག་ཡིན། སེམས་དོན་རིག་པའི་ཐོག་ནས་དེ་ལ་ཕྱོགས་གཉིས་ཡོད་པ་ངས་མཐོང་གི་འདུག །ཕྱོགས་དང་པོ་ནི། ནང་བསམ་བློ་དང་སེམས་ཚོར་གྱི་སྟོབས་ཤུགས། ཆ་མཉམ་བཅས་ཡོད་པའི་རྩ་བའི་སེམས་ཀྱི་བདེ་ཐབས་དེ་ཡིན། དེ་ནི་ཆོས་ལུགས་ལ་མ་བརྟེན་པར། སྙིང་རྗེ་དང་། སེམས་པ་བཟང་པོ། གཞན་ལ་གཅེས་སྐྱོང་བྱ་རྒྱུར་རང་བཞིན་གྱིས་བློ་ཁ་ཕྱོགས་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ཐོག་ནས་ཡོང་གི་ཡོད། ཕྱོགས་གཉིས་པ་ནི། ཕལ་ཆེར་ཆོས་ལུགས་ལ་གཞི་བཞག་པའི་སེམས་དོན་རིག་པ་དེ་ཡིན། དེ་ནི་འཚར་ལོངས་དང་རིག་གཞུང་གི་ཁྲོད་ནས་ཡོང་ཞིང་། ཡིད་ཆེས་དང་ཉམས་ལེན་བྱེ་བྲག་པ་ཞིག་དང་སྦྲེལ་ནས་ཡོད། དེ་གཉིས་ཀྱི་ཁྱད་པར་ནི་ཆུ་དང་ཇའི་དབར་གྱི་ཁྱད་པར་དང་འདྲ་བོ་ཡོད། ཆོས་ལུགས་ཀྱི་བསམ་ཚུལ་མེད་པའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཆུ་དང་འདྲ་ཞིང་། འཕྲོད་བསྟེན་དང་འཚོ་གནས་ཆེད་ང་ཚོར་ཉིན་ལྟར་དགོས་པ་ཞིག་ཡིན། ཆོས་ལུགས་ཤིག་གི་སྐབས་དོན་ཐོག་གཞི་བཅོལ་བའི་བཟང་སྤྱོད་དང་ནང་སེམས་ཀྱི་རིན་ཐང་ནི་ཇ་དང་འདྲ་ཞིང་། ང་ཚོས་འཐུང་བཞིན་པའི་ཇ་ནི་མང་ཆེ་བ་ཆུ་ལས་གྲུབ་ཅིང་། ད་དུང་དེའི་ནང་རྫས་ཆ་གཞན་དཔེར་ན། ཇ་ལོ་དང་སྨན་སྣ། གཅིག་བྱས་ན་བྱེ་མ་ཀ་ར་ཏོག་ཙམ་དང་། བོད་པར་ཆ་བཞག་ན་མ་མཐར་ཚྭ་དགོས། དེ་དག་གིས་ཇ་བཅུད་དང་ལྡན་ཞིང་། རྒྱུན་བརྟན་པ། ཉིན་ལྟར་འཐུང་འདོད་པ་ཞིག་ཏུ་འགྱུར་གྱི་ཡོད། འོན་ཀྱང་ཇ་བཟོ་བའི་སྐབས། རྩ་བའི་རྒྱུ་ཆ་ནི་དུས་རྟག་ཏུ་ཆུ་ཡིན། ང་ཚོར་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ། དེ་ག་ནང་བཞིན་ང་ཚོ་ཐོག་མར་སྐྱེ་བའི་དུས་ནས་ཆོས་དང་འབྲེལ་བ་མེད་ཀྱང་། སྙིང་རྗེ་མི་དགོས་པའི་ཐོག་ནས་སྐྱེས་བསྡད་པ་ཞིག་མིན། དེའི་ཕྱིར་ཆོས་ལུགས་ལས་དགོས་གལ་ཆེ་བ་ནི་ང་ཚོའི་གཞི་རྩའི་འགྲོ་བ་མིའི་སེམས་དོན་རིག་པ་དེ་ཡིན། |
ཁྲིད་ཚན། དཀའ་སྡུག་ལས་ཐར་ཐབས།[ཇ] དབྱིན་སྐད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADA203069
སྟོན་པ་འཇིག་རྟེན་དབང་ཕྱུག [བླང་དོར་བཀའ་སློབ།] སྤྱིའི་ཨང་། ༡༣༠
རྣམ་པ། MP3 རྣམ་གྲངས། 1 ཆེ་ཆུང་། 109.9 MB
ཁྲིད་ཚན། དཀའ་སྡུག་ལས་ཐར་ཐབས།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྐད་རིགས། དབྱིན་སྐད། En
གནས་དུས། ༡༩༩༡ ཨ་རིའི་མཐོ་སློབ་ཁག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༤ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། ང་ཚོས་མི་རྣམས་རྐྱེན་ངན་ལས་ཐར་བ་དངོས་སུ་མཐོང་སྐབས། གཞན་གྱི་མྱོང་ཚོར་ལ་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་པའི་ང་ཚོའི་ལྷན་སྐྱེས་ཀྱི་ནུས་པས་ཁོང་ཚོའི་དགའ་ཚོར་མཉམ་མྱོང་བྱེད་ཐུབ་ཀྱི་ཡོད། ངོས་ཀྱི་བསམ་པར་ང་ཚོ་མང་པོ་ཞིག་གིས་གློག་བརྙན་དང་། རྩེད་རིགས་འགྲན་སྡུར། འཁྲབ་སྟོན་བཅས་ལ་ལྟ་རྒྱུ་དང་། དེབ་སྙན་པོ་དེ་འདྲ་ཀློག་རྒྱུ་སོགས་ལ་དགའ་བོ་བྱེད་པའི་རྒྱུ་མཚན་ཕྱོགས་གཅིག་ནི། དེ་དག་གིས་སྤྲོ་སེམས་སྤེལ་བའི་ཁར། གཞན་གྱི་དགའ་ཚོར་དང་སེམས་སྡུག་རྣམས་སོ་སོ་རང་གི་ཡིན་པ་ལྟ་བུར་མྱོང་བའི་གོ་སྐབས་ཤིག་སྤྲོད་ཀྱི་ཡོད་པས་ཡིན། ང་ཚོས་སྐྱིད་སྡུག་མཉམ་མྱོང་གི་ཉམས་མྱོང་ལ་རང་བཞིན་གྱིས་དགའ་བོ་ཡོད་ཅིང་། རྒྱུན་དུ་དེ་སོ་སོའི་མི་ཚེའི་ཁྲོད་ནས་རྙེད་ཐབས་བྱེད་ཀྱི་ཡོད། དཔེ་མཚོན་ཞིག་ནི། ང་ཚོས་ཕྲུ་གུ་ཆུང་ཆུང་ལ་དགའ་བོ་བྱེད་པ་དེ་ཡིན། ང་ཚོས་ཁོང་ཚོར་འཛུམ་དམུལ་དམུལ་བྱེད་པ་དང་། རྔན་པ་སྦྱིན་པ། ཡང་ན་སྒྲུང་ཤོད་སྐབས་ཁོང་ཚོའི་ངོ་གདོང་ནས་འཛུམ་མདངས་ཐོན་པ་ང་ཚོས་མཐོང་འདོད་ཡོད། ཕྱོགས་མཚུངས། ང་ཚོའི་སྙིང་དུ་སྡུག་པའི་མི་རྣམས་ལ་བདེ་སྐྱིད་བྱུང་དུས་དེར་རང་བཞིན་གྱིས་དགའ་བོ་བྱེད་ཅིང་། མི་ཚང་མའི་དགའ་མོས་བྱ་ཡུལ་དེ་གཞན་གྱི་འཛུམ་མདངས་ཡིན་པ་ལས་མི་འདོད་པའི་རྣམ་འགྱུར་མ་ཡིན། ང་ཚོ་ནི་རང་གི་འཚོ་གནས་དང་དར་འཕེལ་སྡེ་ཚན་ནམ་མིའི་སྤྱི་ཚོགས་ཀྱི་ཆ་ཤས་ལ་བརྟེན་དགོས་པའི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པར་སོང་། ང་ཚོས་བདེ་སྐྱིད་དང་བདེ་ཐབས་འཚོལ་སྒྲུབ་བྱེད་པར་སྐྱིད་སྡུག་མཉམ་མྱོང་ཐུབ་པ་དེ་ནི་ཕན་ནུས་ཟབ་མོ་ཡོད་པ་ཞིག་ཡིན། |
ཁྲིད་ཚན། ལམ་སྟོན་བཀའ་སློབ།[ཅ] དབྱིན་སྐད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADA203053
སྟོན་པ་འཇིག་རྟེན་དབང་ཕྱུག [བླང་དོར་བཀའ་སློབ།] སྤྱིའི་ཨང་། ༡༡༤
རྣམ་པ། MP3 རྣམ་གྲངས། 124 ཆེ་ཆུང་། 398.1 MB
ཁྲིད་ཚན། ལམ་སྟོན་བཀའ་སློབ།
གསལ་བཤད། སྟོན་པ་གཉིས་པའི་གསུང་ལུང་འདྲེན་གྱི་བགྲོ་གླེང་།
སྐད་རིགས། དབྱིན། En
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། ངའི་བསམ་པར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ནང་ཆོས་དང་མ་འབྲེལ་བའི་རིང་ལུགས་ཞེས་པའི་བསམ་ཚུལ་ནི་ཡང་ནས་ཡང་དུ་ཆོས་ལུགས་ཀྱི་འགལ་ཟླ་ལྟ་བུར་མཐོང་གི་ཡོད། ཆོས་དང་མ་འབྲེལ་བའི་རིང་ལུགས་དང་ཆོས་གཉིས་རྟག་ཏུ་ཕན་ཚུན་རྒྱབ་འགལ་དང་མཉམ་གནས་མི་ཐུབ་པའི་གནས་སྟངས་ཤིག་ཏུ་ཡོད་པ་ལྟར་མཐོང་ཞིང་། ཕྱོགས་གཉིས་པོའི་རྗེས་འཇུག་པ་རྣམས་ཀྱི་དབར་མངོན་གསལ་དོད་པོའི་དོགས་པ་རྣམ་རྟོག་དང་སྡང་འཛིན་གྱིས་ཁེངས། ཆོས་ནི་འགྲོ་བ་མིའི་ཡར་རྒྱས་ཀྱི་འགོག་རྐྱེན་ཞིག་རེད་ཟེར་བའི་བསམ་ཚུལ་དེ་ངོས་ནས་ཁས་ལེན་ཐུབ་ཐབས་མེད་པ་དང་ཆབས་ཅིག །ངོས་ཀྱི་བསམ་པར་ལོ་རྒྱུས་ཀྱི་སྐབས་དོན་ལ་གཞིགས་ན། ཆོས་ལ་ངོ་རྒོལ་བྱེད་པའི་བསམ་བློའི་འཁྱེར་སོ་དེ་ཕལ་ཆེར་རྟོགས་ནུས་པ་ཞིག་ཡིན། རིམ་པ་འདྲ་མིན་ནང་ཆོས་ལུགས་ཀྱི་ལྟེ་གནས་དང་ཆོས་བརྒྱུད་འདྲ་མིན་ཚང་མའི་རྗེས་འབྲང་བ་མང་པོ་ཞིག་གིས་གཞན་ལ་བཤུ་གཞོག་གཏོང་བའི་བྱ་སྤྱོད་ཁོངས་སུ་གཏོགས་པའི་བཟོད་མི་བདེ་བའི་བདེན་དོན་རྣམས་ལོ་རྒྱུས་ཀྱི་ཐོག་ནས་ཁ་གྲགས་ཤིང་། ཆོས་ལ་ཁག་བཏགས་ནས་དཀའ་རྙོག་དང་གཉའ་གནོན་ཆེད་བེད་སྤྱོད་བཏང་བའང་བྱུང་ཡོད། ཐ་ན་འཚེ་མེད་ཞི་བའི་ལྟ་གྲུབ་རྩ་བར་འཛིན་མཁན་གྱི་ནང་ཆོས་ཀྱང་སྐྱོན་འཛུགས་དེ་ལས་རྦད་དེ་གཡོལ་ཐུབ་ཀྱི་མེད། |
ཁྲིད་ཚན། ལམ་སྟོན་བཀའ་སློབ། [ཆ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། H-ADA203040
སྟོན་པ་འཇིག་རྟེན་དབང་ཕྱུག [བླང་དོར་བཀའ་སློབ།] སྤྱིའི་ཨང་། ༡༠༡
རྣམ་པ། MP3 རྣམ་གྲངས། 4 ཆེ་ཆུང་། 138.8 MB
ཁྲིད་ཚན། ལམ་སྟོན་བཀའ་སློབ།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
གནས་དུས། ༢༠༡༢ ལ་དྭགས་སུ་གནང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༧ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། ཡོངས་ཁྱབ་ཏུ་ཏུ་ཁས་ལེན་ནུས་པའི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ལ་འཇུག་པའི་ཐབས་ལམ་ཆ་ཚང་བ་ཞིག་ལ། གཞི་རྩའི་རྩ་འཛིན་གཉིས་ཁོ་ན་ངོས་འཛིན་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། འགྲོ་བ་མི་ཡིན་པའི་ཆ་ནས་དེ་གཉིས་ཀ་ང་ཚོའི་རྒྱུན་ལྡན་གྱི་མྱོང་བ་དང་རྒྱུན་ཤེས་ཀྱི་ཐོག་ལ་གཞི་བཞག་སྟེ་ལས་སླ་བོར་ཤེས་རྟོགས་ཐུབ། དེ་གཉིས་ཀ་དེང་དུས་ཉམས་ཞིབ་ཀྱི་རྙེད་དོན་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད་ཅིང་། དམིགས་བསལ་བསམ་བློའི་ཚན་རིག་དང་དབང་རྩའི་ཚན་རིག །སྨན་དཔྱད་ཚན་རིག་ལྟ་བུའི་ཁྱབ་ཁོངས་ཁྲོད་ནས་ར་སྤྲོད་བྱས་ཡོད། རྩ་འཛིན་དང་པོ་ནི། ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པ་དང་། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་གྱི་མངོན་འདོད་དེ་ངོས་འཛིན་བྱེད་དགོས། གཉིས་པ་ནི། ང་ཚོའི་ལུས་པོའི་གྲུབ་སྟངས་དངོས་ཀྱི་ཆ་ནས་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པ་ཚུད། འགྲོ་བ་མིའི་དངོས་ཡོད་གནས་ཚུལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པའི་འབྲེལ་བ་ཤེས་རྟོགས་བྱ་རྒྱུ་དེ་ཡིན། རྩ་འཛིན་དེ་གཉིས་ཀྱི་ཐོག་ནས་ང་ཚོ་རང་ཉིད་དང་གཞན་གྱི་བདེ་ཐབས་གཉིས་སོ་སོར་འབྱེད་མི་ཐུབ་པའི་འབྲེལ་ལམ་ངོས་འཛིན་དང་ཤེས་རྟོགས་ཐུབ་ཅིང་། གཞན་གྱི་བདེ་དོན་ལ་ང་ཚོས་བཅོས་མིན་གྱི་སེམས་ཁུར་ཞིག་གོང་འཕེལ་གཏོང་ཐུབ། དེ་གཉིས་ཟུང་འབྲེལ་གྱི་ཐོག་ནས་བཟང་སྤྱོད་ཀྱི་གོ་རྟོགས་བསྐྲུན་རྒྱུ་དང་ནང་སེམས་ཀྱི་རིན་ཐང་རྒྱུད་ལ་སྐྱེད་པའི་གཞི་རྟེན་རན་པོ་ཞིག་འཛུགས་ཐུབ་པར་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལྟ་བུའི་རིན་ཐང་གི་ཐོག་ནས་ང་ཚོས་རང་ཉིད་གཞན་དང་འབྲེལ་ནས་ཡོད་པའི་ཚོར་བ་ཞིག་རྙེད་ཐུབ་པ་དང་གུ་དོག་པའི་རང་ཁེ་དོན་གཉེར་གྱི་རྒྱ་ལས་གྲོལ་ཏེ། མི་ཚེར་དོན་ཡོད་པ་དང་། དམིགས་ཡུལ་ལྡན་པ། འདོད་བློ་ཁེངས་པ་ཞིག་ཡོང་ཐུབ། |