- མདུན་ངོས།
- དུས་རབས། - ༡༥
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
ཕར་ཕྱིན་སྐབས་བཞི་པའི་བསྡུས་དོན།
མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། དོན་མངོན་པར་རྟོགས་པའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0465
ཡིག་ཆའི་རྣམ་པ། PDF པར་གཞི། བཀྲས་ལྷུན་ཤིང་པར།
ཤོག་གྲངས། 65 ལྗིད་ཚད། 609KB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༤ ཟླ་དགུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། ༡༧༦༢ ལོར་མདོ་སྨད་མཛོད་དགེ་སྨད་དུ་འཁྲུངས། དགུང་ལོ་ལྔའི་སྐབས་གུང་ཐང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བདུན་གྱི་སྐབས་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་སྒོར་ཞུགས་ཤིང་། ལོ་ལྔའི་རིང་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་སློབ་གཉེར་ལ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་གསར་ནས་དབུ་ཚུགས་ཏེ། ལོ་དགུའི་རིང་གཞུང་ཆེན་སློབ་གཉེར་དང་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་གི་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་ཞུས། དབུས་སུ་བཞུགས་རིང་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་ཞིག་གསན། དགུང་ལོ་ཉེར་ལྔའི་སྐབས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་སོ་གཅིག་གི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། མདོ་སྨད་ཀྱི་ཆོས་སྡེ་མང་པོར་ཆོས་རྒྱུན་འཆད་སྤེལ་སོགས་གནང་། སློབ་མ་ལ་སྐྱེས་ཆེན་དམ་པ་མང་པོ་བྱུང་། ༡༨༢༣ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་བརྒྱད་བཞུགས།