སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2020 ལོའི་ཟླ་བ། Aug ཚེས། 12 རེས་གཟའ། Wed

རྗེས་བརྩེའི་ལམ་སྟོན་བཀའ་སློབ།

sjrb-0150མཛད་པ་པོ། ༧གོང་ས་མཆོག་དང་། ཟམ་གདོང་རིན་པོ་ཆེ།
བརྗོད་བྱ།
སྔ་ཕྱིར་སྩལ་པའི་ལམ་སྟོན་བཀའ་སློབ་ཁག་གསུམ་བཞུགས།
ཡིག་འབེབས་པ།
རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།
པར་གཞིའི་ཡོང་ཁུངས།
རྣམ་གྲྭ་ཤེས་ཡོན་ལྷན་ཚོགས།
རིག་མཛོད་དེབ་ཨང་།
SJRB-0150
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
1MB
༢༠༡༥ ཟླ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༡༢ ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདིར་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་ཕྱི་ལོ་ ༢༠༡༠ ལོར་སྔ་རྗེས་སུ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་༧རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་དང་གྲྭ་ཚང་དེ་ཉིད་ཀྱི་འབྲེལ་བའི་སྐོར་དང་། མ་འོངས་བསྟན་འགྲོའི་བདེ་ཐབས་སྐོར་ལ་སྩལ་པའི་བཀའ་སློབ་རྣམས་དང་། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བསྐྱངས་དང་སྐྱོང་བཞིན་པའི་ཐུགས་བསྐྱེད་དམ་བཅའ་གསུམ་དང་འབྲེལ་བའི་ཐོག་ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༦ ཉིན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་རྣམ་རྒྱལ་གྲྭ་ཚང་འདུས་མང་ལ་གནང་བའི་གསུང་བཤད་གལ་གནད་ཅན་གཅིག་བཅས་ལྷན་དུ་བཞུགས།

ཕབ་ལེན།   PDF   ཕབ་ལེན།

ངོ་ཤོག 626 ནས་ 689