- མདུན་ངོས།
- སྙན་ངག
སྙན་ངག (8)
ཚངས་སྲས་བཞད་པའི་སྒྲ་དབྱངས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། བསེ་ཚང་བློ་བཟང་དཔལ་ལྡན། [༡༩༣༨--]
བརྗོད་བྱ། སྙན་ངག་མེ་ལོང་མའི་ལེའུ་གསུམ།
རིག་མཛོད་དེབ་ཨང་། SJRB-0295
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 5.5MB
༢༠༡༨ ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་པར་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ནི། ཕྱི་ལོ་༡༩༣༨ལོར་ཐེ་བུ་ཞེས་པའི་ས་ཆར་སྐུ་འཁྲུངས། བསེ་སྐུ་ཕྲེང་ལྔ་པའི་སྤྲུལ་སྐུར་ཐུགས་ཐག་བཅད་ཅིང་། གཏེར་ལུང་ཡིད་དགའ་ཆོས་འཛིན་གླིང་གི་གདན་སར་བཀོད། དགུང་ལོ་བཅོ་ལྔ་པར་དབུས་སུ་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་གསན་སྦྱོང་མཛད། དགུང་ལོ་བཅུ་དགུ་པར་ཕྱིར་ཕེབས་ཏེ་ཁྲིད་ལུང་མན་ངག་གང་མང་གསན་པ་དང་རྩིས་གཞུང་སོགས་ལ་སྦྱངས། དགུང་ལོ་ཉེར་གཅིག་པར་བསྙེན་པར་རྫོགས། དགུང་ལོ་ཉེར་གཉིས་པར་རྒྱ་མིས་བཙོན་དུ་བཅུག །དགུང་ལོ་ཉེར་དྲུག་པར་བཙོན་གྲོལ་ཐོབ། དགུང་ལོ་སུམ་ཅུ་པར་སླར་ཡང་བཙོན་དུ་བཅུག །༡༩༦༨ ལོར་ངལ་རྩོལ་བསྒྱུར་བཀོད་ནང་ལོ་བཅུ་གཅིག་བཞུགས། དགུང་ལོ་ཞེ་གསུམ་པར་དཀར་འདོན་གནང་། ༢༠༠༡ལོར་གསུང་རྩོམ་པོད་བདུན་པར་བསྐྲུན་འགྲེམས་སྤེལ་བྱས། སྔ་ཕྱིར་དགོན་སྒྲུབ་སྡེ་རི་ཁྲོད་མང་པོར་དབང་ལུང་མན་ངག་གི་ཆོས་ཆར་གང་མང་སྩལ་བ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ་སོགས་གནང་བཞིན་བཞུགས་སོ། །
ཕབ་ལེན། PDF ཕབ་ལེན།
དེ་ལས་མང་བ།...
སྙན་འགྲེལ་ཡང་གསལ་སྣང་མཛོད།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། དམུ་དགེ་བསམ་གཏན་རྒྱ་མཚོ། [༡༩༡༤-༡༩༩༣]
བརྗོད་བྱ། སྙན་ངག་མེ་ལོང་གི་ལེའུ་གསུམ།
རིག་མཛོད་དེབ་ཨང་། SJRB-0345
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.8MB
༢༠༢༠ ཟླ་ ༩ ཚེས་ ༡༤ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་རྩོམ་འདི་ནི་རིག་གནས་གསར་བརྗེའི་གོད་ཆག་ཆེན་པོའི་རྗེས་སུ་བོད་ཀྱི་རིག་གནས་སླར་གསོའི་བྱ་གཞག་ཐད་མཛད་རྗེས་ཤིན་ཏུ་ཆེ་བའི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་ནས་ཕྱི་ལོ་ ༡༩༨༡ ལོར་བརྩམས་པ་ཡིན་ཞིང་། འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པས་མཛད་པའི་སྙན་ངག་གི་བསྟན་བཅོས་དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན་རྩ་བར་བཟུང་ནས་དེའི་དཔེར་བརྗོད་དུ་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་སྙན་ངག་གི་དཔེར་བརྗོད་རྩོམ་འཕྲོ་ཅན་དྲངས་ཤིང་དཔེར་བརྗོད་ཀྱི་འཕྲོ་རྣམས་ཁོང་རང་ཉིད་ཀྱིས་ཁ་བསྐངས་སྟེ་མཛད་པ་ཞིག་ཡིན། འདི་ནི་གཞན་དག་ལྟར་འདོད་པའི་གཏམ་གྱི་ཕྱོགས་སུ་གཞོལ་བ་དང་ཚོགས་པར་དབྱུང་དུ་མི་རུང་བའི་གཏམ་མང་བ་སོགས་ཀྱི་སྐྱོན་གྱིས་མ་སྦགས་པར་ཆོས་དང་མཐུན་པའི་གཏམ་འབའ་ཞིག་གིས་གྲུབ་པས་ཚངས་སྤྱོད་ཀྱི་སྡེ་དང་། ཉེ་དུ། དགེ་སློབ་འདུས་པའི་མདུན་ས་སོགས་གང་དུ་ཡང་འཆད་ཉན་བྱེད་བདེ་བ་དང་། འགྲེལ་བཤད་རྣམས་ཁ་གསལ་ཞིང་གོ་བདེ་ལ་ཚིག་ཚོགས་ཉུང་བ་སོགས་གཞན་ལས་འཕགས་པའི་ཁྱད་ཆོས་དུ་མ་དང་ལྡན་ཡོད།