-
མདུན་ངོས།
- གསུང་འབུམ།
![གསུང་འབུམ།](/components/com_k2/images/placeholder/category.png)
གསུང་འབུམ། (61)
རྗེ་ཙོང་ཁ་པའི་གསུང་འབུམ། [ཉ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། སྦས་དོན་ཀུན་གསལ་སོགས།
རིག་མཛོད་དེབ་ཨང་། SJRB-0033
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 3.8MB
༢༠༡༧ ཟླ་དགུ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ཉ་པ་འདིའི་ནང་དུ། ༡ རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་བྱེད་པའི་ལམ་ལ་སློབ་པའི་ཚུལ། ༢ ཞལ་ཤེས་གནད་ཀྱི་ཐིམ་ཡིག ༣ དཔལ་གསང་བ་འདུས་པའི་རྡོ་རྗེ་སེམས་དཔའ་མཉེས་པར་བྱེད་པའི་ཆོ་གའི་ངག་འདོན་གྱི་རིམ་པ། ༤ རྗེ་བཙུན་འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་འཇམ་པའི་དབྱངས་ཀྱི་དགོངས་པ་གསལ་བ། ༥ ཆོ་ག་ཉི་ཤུའི་ཁུངས་དགོད་པ། ༦ རྗེའི་ཞལ་གྱི་གདམས་པ་རིམ་གཉིས་སྒོམ་ཚུལ་སྠ་བི་ར་སཱ་དྷུ་བྷ་དྲས་ཟིན་བྲིས་སུ་བཀོད་པ། ༧ རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད། ༨ རབ་གནས་རྒྱས་པའི་ཟིན་བྲིས། ༩ བདེ་མཆོག་བསྡུས་པའི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་སྦས་པའི་དོན་ཀུན་གསལ་བ་བཅས་ཆོས་ཚན་དགུ་ལྷ་དུ་བཞུགས།
PDF ཕབ་ལེན། |
---|
དེ་ལས་མང་བ།...
རྗེ་ཙོང་ཁ་པའི་གསུང་འབུམ། [ང]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྗེ་བློ་བཟང་གྲགས་པ།
པར་གཞི། བཀྲ་ཤིས་ལྷུན་པོའི་ཤིང་པར།
ཆོས་ཚན། འགྲེལ་པ་སྒྲོན་གསལ་གྱི་མཆན་འགྲེལ།
རིག་མཛོད་དེབ་ཨང་། SJRB-0029
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 6.1MB
༢༠༡༧ ཟླ་བཅུ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༠༡ ཚེས་ ༢༡ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
གསུང་འབུམ་པོད་ང་པ་འདིའི་ནང་དུ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ་ཞེས་བྱ་བ་གཞུང་ཆ་ཚང་གླེགས་བམ་གཅིག་ཏུ་བཞུགས།
PDF ཕབ་ལེན། |
---|
དབྲ་སྟོན་བསྐལ་བཟང་བསྟན་རྒྱན་གྱི་གསུང་འབུམ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBB199001
གསུང་འབུམ། [དུས་རབས། ༡༩]
སྤྱིའི་ཨང་། ༡༧༩
མཚན་བྱང་། དབྲ་སྟོན་བསྐལ་བཟང་བསྟན་རྒྱན་གྱི་གསུང་འབུམ། [ཀ]
མཛད་པ་པོ། དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན།
ཆོས་ཚན། དབུ་མའི་ལྟ་ཁྲིད་བསྡུས་པ་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་ནི། ཕྱི་ལོ་ ༡༨༩༧ ལོར་སྐུ་འཁྲུངས། དགུང་ལོ་ཆུང་ངུ་ནས་ཡི་གེའི་འབྲི་ཀློག་བསླབས་པས་ལེགས་པར་མཁྱེན། གླག་བྲག་རྫོང་དགོན་དུ་ཕེབས་ཏེ་གཞུང་ལུགས་གསན་ནས་མཁས་པའི་གྲགས་པ་ཐོབ། ཡེ་ཤེས་དགོན་གྱི་མཁན་པོ་དྲང་སྲོང་དམ་པ་ཚུལ་ཁྲིམས་མཆོག་རྒྱལ་ལས་བསྙེན་པར་རྫོགས། རིས་མེད་ཀྱི་བླ་མ་དམ་པ་དུ་མ་བསྟེན། ཁྱད་པར་དུ་གྲུབ་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་བསྟེན་ནས་འཕྲུལ་ངག་གཡུང་དྲུང་བོན་གྱི་རིང་ལུགས་གཙང་མའི་མདོ་རྒྱུད་ཀྱི་གཞུང་བཤད་དང་། རྫོགས་ཆེན་གྱི་མན་ངག་དབང་ཁྲིད་དང་བཅས་པ་གསན། ༡༩༥༩ ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་པོ་ཏི་ལྔ་ཙམ་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
འབྲི་གུང་སྐྱོབ་པ་རིན་པོ་ཆེའི་གསུང་འབུམ། [ཏ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBK-124002
གསུང་འབུམ། [དུས་རབས། ༡༢]
སྤྱིའི་ཨང་། ༡༨༤
མཚན་བྱང་། འབྲི་གུང་སྐྱོབ་པ་རིན་པོ་ཆེའི་གསུང་འབུམ། [ཏ]
མཛད་པ་པོ། འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ། [༡༡༤༣-༡༢༡༧]
ཆོས་ཚན། ཕྱག་ཆེན་སྐྱེས་སྦྱོར་གྱི་ངོ་སྤྲོད་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
ངོ་སྤྲོད་མདོར་བསྡུས།
སྐྱོབ་པ་རིན་པོ་ཆེ་རིན་ཆེན་དཔལ། ཕྱི་ལོ་ ༡༡༤༣ ལོར་སྐུ་འཁྲུངས། ཡབ་ལས་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་དང་། ཁུ་བོ་དར་མ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ༡༡༦༧ ལོར་དབུས་ཀྱི་གདན་ས་ཕག་མོ་གྲུར་ཕེབས་ཏེ། འགྲོ་མགོན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་བླ་མར་བསྟེན། མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། དགུང་ལོ་སོ་ལྔ་པར་བསྙེན་པར་རྫོགས། ༡༡༧༩ ལོར་འབྲི་གུང་དུ་ཕེབས། གདན་ས་འབྲི་གུང་མཐིལ་བྱང་ཆུབ་གླིང་ཕྱག་བཏབ་ནས་འདུས་ཚོགས་ཤིན་ཏུ་རྒྱས་ཤིང་། སྒྲུབ་པ་ཉམས་བཞེས་མཛད་མཁན་ཁྲི་ཕྲག་མང་པོ་བྱུང་བར་བཤད། དེ་ནས་འབྲི་གུང་སྐྱོབ་པའི་ཆོས་བརྒྱུད་འཛིན་མཁན་རྣམས་ལ་འབྲི་གུང་བཀའ་བརྒྱུད་པ་ཞེས་དང་། ཁོང་ལ་ཡང་འབྲི་གུང་སྐྱོབ་པ་ཞེས་གྲགས། སློབ་མ་མཆོག་ཏུ་གྱུར་པ་དབོན་བསོད་ནམས་གྲགས་པ་སོགས་མང་དུ་བྱུང་། ༡༢༡༧ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་བཅུ་ཙམ་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
གླང་ཐང་པ་རྡོ་རྗེ་སེང་གེའི་གསུང་འབུམ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBK115001
གསུང་འབུམ། [དུས་རབས། ༡༡]
སྤྱིའི་ཨང་། ༤༩
མཚན་བྱང་། གླང་ཐང་པ་རྡོ་རྗེ་སེང་གེའི་གསུང་འབུམ། [ཀ]
མཛད་པ་པོ། གླང་ཐང་པ་རྡོ་རྗེ་སེང་གེ །[༡༠༥༤ - ༡༡༢༣ ]
ངོ་སྤྲོད་མདོར་བསྡུས།
དགེ་བཤེས་གླང་ཐང་པ་རྡོ་རྗེ་སེང་གེ། བོད་དུ་འཕན་ཡུལ་གཉན་གོང་གསེར་མ་གཤོངས་སུ་སྐུ་འཁྲུངས། དགེ་བཤེས་པོ་ཏོ་བ་སོགས་ལས་བཀའ་གདམས་གཞུང་དྲུག་གི་བཤད་པ་སོགས་གསན་ཞིང་། རྟག་ཏུ་འཁོར་བའི་ཉེས་དམིགས་དང་། བྱང་ཆུབ་ཀྱི་སེམས་ཁོ་ན་སྒོམ་པར་མཛད་སྟབས་རབ་ཏུ་བྱུང་བ་ནས་ཞལ་འཛུམ་པ་ལན་གསུམ་ལས་མ་བྱུང་། གླང་ཐང་དགོན་པ་བཏབ། གླང་ཐང་བ་དང་། ཤ་ར་བ་གཉིས་ལ་གླང་ཤར་གཉིས་ཞེས་བཀའ་གདམས་པའི་དགེ་བཤེས་གྲགས་ཆེ་བ་ཞིག་དང་། གསུང་ལ་ཆོས་ཚན་འདི་དང་། གཞན་ཡོད་དམ་དཔྱད། བུ་སློབ་ལ་ཡར་ལུང་ལྕགས་ཞིང་པ་སོགས་བྱུང་།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དེབ་ཨང་། SBG200001
གསུང་འབུམ། [དུས་རབས། ༢༠]
སྤྱིའི་ཨང་། ༡༠
མཚན་བྱང་། དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ། [ཀ]
མཛད་པ་པོ། དགེ་འདུན་ཆོས་འཕེལ། [༡༩༠༣ - ༡༩༥༡ ]
ཆོས་ཚན། རྒྱལ་རབས་དེབ་ཐེར་དཀར་པོ་སོགས།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་དང་པོར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དགེ་འདུན་ཆོས་འཕེལ་ནི། མདོ་སྨད་རེབ་གོང་ཞོ་འཕོང་དུ་སྐུ་འཁྲུངས། གཡའ་མ་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས། དེར་སུམ་རྟགས་དང་སྙན་ངག་སོགས་སྦྱངས། དགུང་ལོ་བཅོ་ལྔ་ནས་ལྡི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞུགས་ཏེ་གཞུང་ལ་སློབ་གཉེར་གནང་། དགུང་ལོ་བཅུ་དགུའི་སྐབས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དགེ་འདུན་ཆོས་འཕེལ་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཚད་མ་དང་ཕར་ཕྱིན་ལ་སྦྱངས་པ་མཛད། དགུང་ལོ་ཉེར་ལྔའི་སྐབས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། དགུང་ལོ་སུམ་ཅུའི་སྐབས་པཎྜི་ཏ་ར་ཧུ་ལས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། དགུང་ལོ་ཞེ་གཉིས་པར་ཁྲི་བྱང་རིན་པོ་ཆེ་དང་ཀ་ཤོད་པ་གཉིས་ཀས་གདན་འདྲེན་ཞུས་པ་ལྟ་བོད་དུ་ཕྱིར་ཕེབས། དགུང་ལོ་ཞེ་བཞི་པར་བཙོན་དུ་བཅུག །༡༩༥༡ སྐུ་གཤེགས་སོ། །ད་ལྟ་ཁོང་གི་གསུང་རྩོམ་ལག་སོན་བྱུང་བ་ཆོས་ཚན་ཉེར་བཞི་བཞུགས་ལ། བསྒྱུར་རྩོམ་ལ་ཆོས་ཚན་དགུ་བཞུགས།
ཁྱེད་ཀྱིས་འཚོལ་བཞིན་པའི་གནད་དོན་གྱི་ལས་རིམ་དེ་ད་ལྟ་ཆ་ཚང་བ་ཞིག་གྲུབ་མེད་པས་དགོངས་སེལ་ཞུ། སླད་མར་གང་མགྱོགས་ཁྱེད་ཀྱི་ཐུགས་རེ་བཞིན་འགྲུབ་ཐུབ་པའི་རེ་བ་ཡོད། ཁྱེད་ཀྱིས་ང་ཚོའི་དྲ་རྒྱར་ཕེབས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
ཕབ་ལེན། PDF ཕབ་ལེན།