ཕྱི་ལོ་༢༠༢༥ཟླ་༡ཚེས་༡༦ཞོགས་པར་དགེ་ལྡན་བསྟན་པའི་བདག་པོ་ྋམཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་ྋརྗེ་བཙུན་ངག་དབང་འབྱོར་ལྡན་དཔལ་བཟང་པོ་མཆོག་མི་འཇིགས་གདོང་ལྔས་སྟེགས་པའི་ཁྲིར་གསོལ་གྲུབ་མཚམས་འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཞབས་སོར་བཀའ་དྲིན་ཆེ་སྐབས། གྲྭ་ཚང་གི་མཁན་བླ་འདུས་དམངས་ཡོངས་ནས་ཕེབས་བསུའི་གནས་ལེན་གཟབ་རྒྱས་དང་འབྲེལ། གྲྭ་ཚང་གི་གཙུག་ལག་ཁང་དུ་སྣང་གསལ་མར་མེ་ཞལ་འབྱེད་དང་ཕེབས་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས། སླད་མར་རིན་པོ་ཆེ་མཆོག་གིས་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་ཡུན་དུ་བརྟན་ཅིང་རླབས་ཆེན་ཐུགས་བཞེད་ལྷུན་གྱིས་གྲུབ་པའི་སྨོན་འདུན་དང་བཅས།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། ཕྱི་ལོ་༢༠༢༥ཟླ་༡ཚེས་༡༦ལ།