སེར་བྱེས་རིག་མཛོད་ཆེན་མོའི་འཕྲུལ་དེབ་དྲ་རྒྱའི་བརྒྱུད་ནས་ལྐོག་ཚོང་བྱེད་མི་འོས་བར་བསྒྲགས་པའི་གཏམ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་མཁས་སྙན་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ནས་བཟུང་། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུའི་ཆེད་གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་ལ། ཉེ་ཆར་བྱ་ཉེས་སྤྱོད་ངན་ཅན་རེ་ཟུང་གིས་དྲ་གནས་http://m.academiclibrarytbt.com/pd.jsp?pid=393འདི་ནས་སེར་བྱེས་རིག་མཛོད་ཆེན་མོའི་འཕྲུལ་དེབ་ལྐོག་ཚོང་བྱེད་བཞིན་ཡོད་པར་ཤེས་རྟོགས་བྱུང་བས་དེ་དག་ལ་མཐའ་གཅིག་ཏུ་དགག་པ་ཞུ་བཞིན་ཡོད། ཉེས་སྤྱོད་འདིའི་རིགས་ལ་ཁྲིམས་མཐུན་གྱིས་དག་ཐེར་བྱེད་སྲིད་པས་དེ་དག་ལ་ཐུགས་གཟབ་གནང་རོགས། འདི་གའི་སེར་བྱེས་རིག་མཛོད་ཆེན་མོའི་ངོས་ནས་རིག་གཞུང་ལ་དུང་བ་ཟབ་པའི་རང་རིགས་སྐྱེ་བོ་ཡོངས་ལ་ཞུ་རྒྱུ་ནི། ང་ཚོའི་དྲ་གནས་འདི་ནས་འཕྲུལ་དེབ་སོགས་ཕབ་ལེན་གནང་ན་རིན་པ་སྤྲོད་དགོས་མེད་པ་སླར་ཡང་གསལ་བསྒྲགས་ཞུ་རྒྱུ་ཡིན། དེ་ཡང་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
ཕྱི་ལོ་༢༠༢༥ཟླ་༢ཚེས་༢༠ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།

སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
གསར་ཤོས་དག ། སེར་བྱེས་རིག་མཛོད་ཆེན་མོ།
འབྲེལ་ཡོད་དག
- དབུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སེ་རར་འཚམས་གཟིགས་སུ་ཕེབས།
- བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་བྱམས་བརྩེའི་འོད་སྣང་།
- ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
- ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་བྱམས་ཆོས་དང་རིགས་ཚོགས་དམ་བཅའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།
- ྋམཚུངས་མེད་ཤར་པ་ཆོས་རྗེའི་ཁྲི་གསོལ་ཕེབས་སྟོན་མཛད་སྒོ་ཚོགས་པ།
གསལ་བསྒྲགས།
སེར་བྱེས་རིག་མཛོད་ཆེན་མོའི་འཕྲུལ་དེབ་དྲ་རྒྱའི་བརྒྱུད་ནས་ལྐོག་ཚོང་བྱེད་མི་འོས་བར་བསྒྲགས་པའི་གཏམ།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 25
དེབ་གཟུགས་སྒྲིག་སྦྱོར་གྱི་རོགས་རམ།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 176
ལས་བྱེད་གསར་བསྡུའི་གསལ་བསྒྲགས།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 526
ཞུ་སྐུལ་གསལ་བསྒྲགས།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 433
གལ་ཆེའི་ངོ་སྤྲོད་དང་གསལ་བཤད་འགའ།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 249
མཉམ་ལས་ཆེད་གསལ་བསྒྲགས།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 364
ཐུགས་སྣང་བཞེན་སྐུལ།
སྡེ་ཚན། : གསལ་བསྒྲགས། | ཀློག་གྲངས། 319