- མདུན་ངོས།
- ཚོམས།
- དྲི་བའི་ཚོམས།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
༢༠༡༨ ལོའི་སྟོན་ཆོས་གསུམ་པའི་མཛད་རིམ།
སེར་བྱེས་མཁས་སྙན་གྲྭ་ཚང་གི་སྟོན་ཆོས་གསུམ་པའི་མཛད་རིམ་གཤམ་གསལ། | ||||
---|---|---|---|---|
བོད་ཟླ། | བོད་ཚེས། | ཕྱི་ཟླ། | ཕྱི་ཚེས། | ཆོས་རའི་མཛད་རིམ། |
༠༩ | ༡༦ | 10 | 25 | ཆོས་རྒྱུགས་ཆེན་མོ། |
༠༩ | ༡༧ | 10 | 26 | ཆོས་ར་ཡར་ཚོགས། |
༠༩ | ༡༨ | 10 | 27 | ཉིན་དང་པོ་ཤིང་སློང་། |
༠༩ | ༡༩ | 10 | 28 | དགུན་གླེང་དགེ་བཤེས། |
༠༩ | ༢༠ | 10 | 29 | དགུན་གླེང་དགེ་བཤེས། |
༠༩ | ༢༡ | 10 | 30 | གུང་སེང་། |
༠༩ | ༢༢ | 10 | 31 | དགུན་གླེང་དགེ་བཤེས། |
༠༩ | ༢༣ | 11 | 01 | དགུན་གླེང་དགེ་བཤེས། |
༠༩ | ༢༥ | 11 | 02 | སྔ་དགོང་གཉིས་ཀར་ཆོས་ར། |
༠༩ | ༢༦ | 11 | 03 | སྔ་དགོང་གཉིས་ཀར་ཆོས་ར། |
༠༩ | ༢༧ | 11 | 04 | སྔ་དགོང་གཉིས་ཀར་ཆོས་ར། |
༠༩ | ༢༨ | 11 | 05 | སྔ་དགོང་གཉིས་ཀར་ཆོས་ར། |
༠༩ | ༢༩ | 11 | 06 | གུང་སེང་། |
༠༩ | ༣༠ | 11 | 07 | ཞོགས་པར་ཆོས་འདོན་དང་། དུས་བཟང་ཆེན་མོ། |
༡༠ | ༠༡ | 11 | 08 | སྔ་དགོང་གཉིས་ཀར་ཆོས་ར། |
༡༠ | ༠༢ | 11 | 09 | ཉིན་གཉིས་པ་ཤིང་སློང་སྐེད་པ། |
༡༠ | ༠༣ | 11 | 10 | སྔ་དགོང་གཉིས་ཀར་ཆོས་ར། |
༡༠ | ༠༤ | 11 | 11 | སྔ་དགོང་གཉིས་ཀར་ཆོས་ར། |
༡༠ | ༠༥ | 11 | 12 | སྔ་དགོང་གཉིས་ཀར་ཆོས་ར། |
༡༠ | ༠༦ | 11 | 13 | གུང་སེང་། |
༡༠ | ༠༧ | 11 | 14 | ལྷ་རམས་དགེ་བཤེས། |
༡༠ | ༠༨ | 11 | 15 | ལྷ་རམས་དགེ་བཤེས། |
༡༠ | ༠༩ | 11 | 16 | ལྷ་རམས་དགེ་བཤེས། |
༡༠ | ༡༠ | 11 | 17 | ལྷ་རམས་དགེ་བཤེས། |
༡༠ | ༡༠ | 11 | 18 | ལྷ་རམས་དགེ་བཤེས། |
༡༠ | ༡༡ | 11 | 19 | ལྷ་རམས་དགེ་བཤེས། |
༡༠ | ༡༢ | 11 | 20 | གུང་སེང་། |
༡༠ | ༡༣ | 11 | 21 | ཞོགས་ཆོས་སྒྲོལ་འདོན། དགོང་མོར་ཆོས་ར། |
༡༠ | ༡༤ | 11 | 22 | ཞོགས་ཆོས་སྒྲོལ་འདོན། དགོང་མོར་ཆོས་ར། |
༡༠ | ༡༥ | 11 | 23 | ཆོས་ར་མར་གྲོལ། |