- མདུན་ངོས།
- ཚོམས།
- དྲི་བའི་ཚོམས།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
༢༠༡༩ ལོའི་ཟླ་ལྷག་ཆོས་ཐོག་གི་མཛད་རིམ།
སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རའི་མཛད་རིམ། ཟླ་ལྷག་གི་ཆོས་ཐོག | ||||
---|---|---|---|---|
བོད་ཟླ། | བོད་ཚེས། | ཕྱི་ཟླ། | ཕྱི་ཚེས། | ཉིན་རེའི་མཛད་རིམ། |
བོད་ཟླ་ ༡ ཕྱི་མའི་ཚེས་ ༡༩ ནས་བོད་ཟླ་ ༢ ཚེས་ ༧ བར་ཆོས་མཚམས། ཉིན་གྲངས། ༢༠ | ||||
༠༢ | ༠༨ | 04 | 13 | ཆོས་ར་ཡར་ཚོགས། |
༠༢ | ༡༠ | 04 | 14 | སྔ་དགོང་གཉིས་ཀ་ཆོས་ར། |
༠༢ | ༡༡ | 04 | 15 | སྔ་དགོང་གཉིས་ཀ་ཆོས་ར། |
༠༢ | ༡༢ | 04 | 16 | གུང་སེང་། |
༠༢ | ༡༣ | 04 | 17 | སྔ་དགོང་གཉིས་ཀ་ཆོས་ར། |
༠༢ | ༡༤ | 04 | 18 | ཆོས་ར་མར་གྲོལ། |
བོད་ཟླ་ ༢ ཚེས་ ༡༥ ནས་བོད་ཟླ་ ༣ ཚེས་ ༧ བར་ཆོས་མཚམས། ཉིན་གྲངས། ༢༣ |