- མདུན་ངོས།
- ཚོམས།
- དྲི་བའི་ཚོམས།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། ཤེས་རབ་སྙིང་པོ། [ཅ]
ཁྲིད་གཞུང་། ཤེས་རབ་སྙིང་པོ།
མཛད་པ་པོ། སྟོན་པ་ཤཱཀྱ་ཐུབ་པ།
བརྗོད་བྱ། སྟོང་པ་ཉིད་ཀྱི་དོན།
འཁྲིད་མཁན། མཁན་ཟུར་བློ་བཟང་ཚེ་རིང་མཆོག
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0684
སྒྲའི་རྣམ་པ། MP3
གྲངས་ཀ 9
ལྗིད་ཚད། 229MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༡ ཟླ་ ༡ ཚེས་ ༢༣ ཉིན་གསར་དུ་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་ཟུར་བློ་བཟང་ཚེ་རིང་མཆོག་ནི། ༡༩༢༣ལོར་བོད་དུ་སྐུ་འཁྲུངས། དགུང་ལོ་ལྔའི་སྟེང་ཆོས་སྒོར་ཞུགས། དགུང་ལོ་བཅུ་གཉིས་ནས་གཞུང་ཆེན་ཐུགས་གཉེར་གྱི་དབུ་བཟུང་། དགུང་ལོ་བཅུ་བདུན་སྐབས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་དང་གཞུང་ཆེན་གསན་གཟིགས་གནང་། གཞི་དགོན་དུ་དགེ་བསྐོས་དང་ལོ་གསུམ་ལ་དཔེ་ཁྲིད་གནང་། ༡༩༥༩ ལོར་བཙོན་ཁང་དུ་བཞུགས་དགོས་བྱུང་། ༡༩༦༩ལོར་སྐུ་སྲོག་བློས་གཏོང་གིས་བྱེས་སུ་ཕེབས་ཤིང་། ༡༩༧༣ལོར་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས། ༡༩༧༨ ལོར་ཚོགས་ཆེན་དང་གྲྭ་ཚང་གི་དགེ་བསྐོས་ལོ་གཉིས་གནང་། ༡༩༨༦ ལོར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་བཞུགས་ཏེ་ཆོས་སྲིད་གཉིས་ནས་ཡར་རྒྱས་དང་གོང་འཕེལ་བཏང་། རྒྱུན་དུ་དོན་གཉེར་ཅན་མང་པོར་དཔེ་ཁྲིད་སོགས་གནང་མུས་སུ། ༢༠༡༤ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།