- མདུན་ངོས།
- ཡིག་གཟུགས།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། ཐུན་དྲུག་བླ་མའི་རྣལ་འབྱོར། བོད་རྒྱ།
སྒྲ་ཨང་། H-ADST203054
སྟོན་པ་འཇིག་རྟེན་དབང་ཕྱུག [གསང་སྔགས།] སྤྱིའི་ཨང་། ༡༡༥
རྣམ་པ། MP3 རྣམ་གྲངས། 4 ཆེ་ཆུང་། 82.4 MB
ཁྲིད་གཞུང་། ཐུན་དྲུག་བླ་མའི་རྣལ་འབྱོར།
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྐད་རིགས། བོད་རྒྱ། Tb/ZH
སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་བཞི་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། ཁྱིམ་ཚང་གི་ཁོར་ཡུག་ནི། ཕྲུ་གུ་ཞིག་གི་འཚར་ལོངས་ཀྱི་གྲུབ་ཆ་གཙོ་བོ་ཞིག་རེད། ཁྱིམ་ཚང་གི་ཁོར་ཡུག་ཏུ་བྱམས་པ་དང་སྙིང་རྗེ་མེད་པ་དང༌། ཡང་ན་ཕ་མས་ཕྲུ་གུ་སྣང་མེད་བྱེད་སྐབས། མཇུག་འབྲས་ངན་པ་འབྱུང་བ་ནི་ལས་སླ་བོར་ངོས་འཛིན་བྱེད་ཐུབ། ཁོར་ཡུག་འདི་འདྲའི་ནང་དུ་འཚར་ལོངས་བྱས་པའི་ཕྲུ་གུ་ལ་བདེ་འཇགས་མེད་ཅིང་རེ་བ་ཟད་པའི་ཚོར་བ་ཆེ་ཞིང༌། ཁོ་ཚོའི་བློ་ནི་ཞི་དུལ་དུ་གནས་ཐུབ་ཀྱི་མེད། དེ་ལས་ལྡོག་སྟེ། ཕྲུ་གུ་ལ་རྒྱུན་ལྡན་གྱི་ལྟ་རྟོག་དང་བྱམས་སྐྱོང་ཐོབ་ན། ཁོ་ཚོར་བདེ་བ་ཆེ་བར་མ་ཟད། སོ་སོའི་ནུས་པ་ལ་གདེང་ཚོད་ཆེན་པོ་ཡང་སྟོན་ཐུབ་ཀྱི་ཡོད། ད་དུང་ཁོ་ཚོའི་ལུས་པོའི་འཕྲོད་བསྟེན་ཡང་ལེགས་པ་དང༌། ཁོ་ཚོས་རང་ཉིད་གཅིག་པུར་སེམས་ཁྲལ་མི་བྱེད་པར་གཞན་དག་གི་ཕྱོགས་སུའང་སེམས་ཁུར་བྱེད་ཐུབ་ཀྱི་ཡོད། ཁྱིམ་ཚང་གི་ཁོར་ཡུག་གལ་ཆེན་ཡིན་པའི་རྒྱུ་མཚན་གཞན་ཞིག་ནི། ཕྲུ་གུ་ཚོས་ཕ་མ་ལ་བལྟས་ནས་སྤྱོད་པ་ངན་པར་གོམས་འདྲིས་བྱེད་པས་ཡིན། དཔེར་ན། གལ་སྲིད་ཕ་ཡིས་རང་གི་ཉེ་འཁོར་དུ་ཡོད་པ་རྣམས་ལ་རྒྱུན་དུ་འཁྲུག་པ་རྒྱག་གི་ཡོད་པ་དང༌། ཡང་ན་ཕ་མ་གཉིས་ཀས་རྟག་ཏུ་ཁ་རྩོད་རྒྱག་གི་ཡོད་ན། ཐོག་མར་ཕྲུ་གུས་སྤྱོད་པ་འདིའི་རིགས་མི་འདོད་ཀྱང༌། ཕ་མའི་སྤྱོད་ངན་དེ་ནི་རིམ་གྱིས་རྒྱུན་ལྡན་ཞིག་ཏུ་མཐོང་གི་རེད། དེ་ནས་ཕྲུ་གུས་བག་ཆགས་འདི་ནི་རང་གི་ཁྱིམ་ནས་ཕྱིའི་སྤྱི་ཚོགས་ནང་ལ་ཁྱེར་རྒྱུ་རེད། |