སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2019 ལོའི་ཟླ་བ། Apr ཚེས། 03 རེས་གཟའ། Wed

ཁྲིད་གཞུང་། བོད་ཀྱི་སྲིད་དོན་རྒྱལ་རབས།

སྒྲ་ཨང་། KADRD2000333
མཁས་པ་གཞན། [རིག་གནས།] སྤྱིའི་ཨང་། ༤༦༡
རྣམ་པ། MP3 རྣམ་གྲངས། 244 ཆེ་ཆུང་། 4.94 GB
ཁྲིད་གཞུང་།
བོད་ཀྱི་སྲིད་དོན་རྒྱལ་རབས།
མཛད་པ་པོ། འཆད་ཁྲིད་པའི་རང་རྩོམ།
འཁྲིད་མཁན། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ལོའི་ཟླ་ ༠༣།༠༨ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་གཉིས་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་ནི། ཕྱི་ལོ་ ༡༩༠༨ ཟླ་བ་ ༧ ཚེས་ ༧ ཉིན་ལྷ་སར་ཡབ་ཞྭ་སྒབ་པ་ལྷ་ཕྱགས་བཀྲིས་ཕུན་ཚོགས་དང༌། ཡུམ་བསམ་འགྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང༌། ནང་མིའི་གཟིགས་སྐྱོང་འོག་བརྡ་སྤྲོད་སོགས་བོད་ཀྱི་རིག་གནས་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་རྩ་གསུམ་པར་གཞུང་ཞབས་ཁོངས་སུ་འཛུལ་ཞུགས་དང་། ༡༩༣༩ ལོར་བོད་གཞུང་གི་རྩིས་དཔོན་དུ་སྐོ་བཞག་གནང༌། སྔ་རྗེས་སུ་བོད་གཞུང་གི་གྲྭ་བཞི་དངུལ་ཊམ་བཟོ་སྐྲུན་ཁང་གི་འགན་འཛིན་སོགས་གནང་། ༡༩༣༡ ལོར་རང་གི་ཁུ་བོ་དང་ལྷན་སིམ་ལའི་ཆིངས་ཡིག་གི་ངོ་བཤུས་སོགས་གནང་། ༡༩༤༧ ཟླ་བ་ ༡༡ ནང་ཁོང་གིས་སྣེ་ཁྲིད་པའི་བོད་ཀྱི་ཚོང་དོན་སྐུ་ཚབ་ཐོག་མ་དེ་ལྷ་ས་ནས་རྒྱ་གར་སོགས་སུ་ཕེབས་ཏེ་གནད་ཡོད་མི་སྣ་མང་པོར་མཇལ་འཕྲད་གནང། ༡༩༥༠ ལོར་བོད་གཞུང་ནས་རྒྱ་ནག་དང་གྲོས་མོལ་ཆེད་ཁོང་རྒྱ་གར་དུ་མངགས། ༡༩༥༡ ནས་བོད་ཀྱི་སྲིད་དོན་རྒྱལ་རབས་དབྱིན་ཡིག་ནང་རྩོམ་པའི་འགོ་བཙུགས། ༡༩༦༠ ལོར་བོད་དོན་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དུ་ཚོགས་ཞུགས་བྱས། ༡༩༦༧ ལོར་སྲིད་དོན་རྒྱལ་རབས་པར་སྐྲུན་འགྲེམས་སྤེལ་བྱས། ཕྱིས་སུ་དེབ་དེ་བོད་ཡིག་ནང་རྩོམ་བསྒྱུར་གྱིས་༡༩༧༦ ལོར་དཔེ་སྐྲུན་བྱས། ༡༩༨༩ ཟླ་བ་ ༢ ཚེས་ ༢༣ ལོར་དགུང་ལོ་ ༨༡ ཐོག་ཨ་རིའི་ Texas གྲོང་ཁྱེར་གྱི་ས་ཁུལ་ Corpus Christi ཞེས་པར་སྐུ་གཤེགས།

ངོ་ཤོག 296 ནས་ 680