སྒྲ་མཛོད་ཀྱི་གསལ་བཤད།
དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་
སྒྲ་མཛོད། (772)
ཁྲིད་གཞུང་། སྔགས་ཀྱི་ས་ལམ་རྒྱུད་གཞུང་གསལ་བྱེད། [ཁ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADSN3333212
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༣༣༡
རྣམ་པ། MP3 རྣམ་གྲངས། 34 ཆེ་ཆུང་། 486 MB
ཁྲིད་གཞུང་། སྔགས་ཀྱི་ས་ལམ་རྒྱུད་གཞུང་གསལ་བྱེད།
མཛད་པ་པོ། ཆོས་རྗེ་ངག་དབང་དཔལ་ལྡན། [༡༨༠༧-?]
བརྗོད་བྱ། གསང་སྔགས་ཀྱི་ས་ལམ་བགྲོད་ཚུལ་གྱི་རིམ་པ།
འཁྲིད་མཁན། དགེ་བའི་བཤེས་གཉེན་བྱམས་པ་ཆོས་གྲགས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༡༠།༡༢ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དྲུག་པའི་ཚེས་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
དགའ་ལྡན་བྱང་རྩེ་དགེ་བཤེས་བྱམས་པ་ཆོས་གྲགས་ནི། བོད་དུ་འཁྲུངས་ཤིང་། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་དང་། འཕགས་ཡུལ་དུ་ཕེབས་ཤིང་། གཙོ་ཆེར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་བཞུགས་ཏེ་གྲྭ་ཚང་གི་སློབ་གཉེར་བ་རྣམས་དང་གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་རྣམས་ལ་སྔགས་ཀྱི་དཔེ་ཁྲིད་གནང་སྟེ་བཞུགས་པ་ཡིན།
དེ་ལས་མང་བ།...
ཁྲིད་གཞུང། ལམ་རིམ་བསྡུས་དོན་དང་དམར་ཁྲིད་མྱུར་ལམ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་།KADLL2010211
མཁས་པ་གཞན།[ལམ་རིམ་བློ་སྦྱོང་།]སྤྱིའི་ཨང་། ༣༣༠
རྣམ་པ། MP3 རྣམ་གྲངས། 67 ཆེ་ཆུང་། 660.9 MB
ཁྲིད་གཞུང་། ལམ་རིམ་བསྡུས་དོན་དང་མྱུར་ལམ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
མཛད་པ་པོ། པཎ་ཆེན་བློ་བཟང་ཡེ་ཤེས།[༡༦༦༣-༡༧༣༧]
འཁྲིད་མཁན། རྗེ་བཙུན་ཨོ་རྒྱན་ཚེ་བརྟན།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༠༧།༡༤ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཨོ་རྒྱན་ཚེ་བརྟན་མཆོག་ནི། ༡༩༡༥ ལོར་བྲག་གཡབ་ཏུ་འཁྲུངས། དགུང་ལོ་བཅུ་བདུན་སྟེང་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་ཏེ། གཞུང་ཆེན་ཐུགས་གཉེར་གནང་། ༡༩༥༨ ལོར་ལྷ་རམས་ཨང་གསུམ་པའི་མཚན་གནས་བཞེས། ༡༩༥༩ ལོར་བྱེས་སུ་ཕེབས་ཏེ་བྱེས་པ་གྲྭ་ཚང་གི་དགེ་བསྐོས་གནང་ཞིང་དོན་གཉེར་ཅན་མང་པོར་དཔེ་ཁྲིད་གནང་། ༡༩༦༢ལོར་རྒྱུད་སྨད་གྲྭ་ཚང་གི་དགེ་བསྐོས་གནང་ཞིང་། གདུལ་བྱ་མང་པོར་དབང་ལུང་ཁྲིད་ཀྱི་ཆོས་ཆར་ཕེབས་པ་དང་། བསྒྲུབ་བྱ་མང་པོར་དགེ་ཚུལ་སློང་གི་བསླབ་སྡོམ་གནང་། ༢༠༠༧ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།
1. ཁྲིད་གཞུང་། ལམ་རིམ་བསྡུས་དོན། 2. དམར་ཁྲིད་མྱུར་ལམ། |
ཁྲིད་ཚན། སེར་བྱེས་སློབ་གཉེར་བ་སྐོར་ཞིག་གི་བགྲོ་གླེང་།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADD3333156
མཁས་པ་གཞན། [བགྲོ་གླེང་།] སྤྱིའི་ཨང་། ༢༥༦
རྣམ་པ། MP3 རྣམ་གྲངས། 25 ཆེ་ཆུང་། 421.6 MB
ཁྲིད་ཚན། བཀའ་པོད་ལྔའི་དམ་བཅའ།
བགྲོ་གླེང་པ། སེར་བྱེས་གྲྭ་ཚང་གི་སློབ་གཉེར་བ་སྐོར་ཞིག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༦ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
བགྲོ་གླེང་འདི་ནི་ཕྱི་ལོ་ ༢༠༡༤ ལོར་སེར་བྱེས་གྲྭ་ཚང་གི་ཆོས་རའི་ནང་དུ། སྟོན་པ་འཇིག་རྟེན་དབང་ཕྱུག་ཞལ་སྔ་ནས་མཆོག་ལ་རྒྱུགས་འབུལ་གྱི་ཚུལ་དུ། གདན་ས་གསུམ་དང་བཤད་གྲྭ་ཁག་གི་མཁས་དབང་དང་སློབ་གཉེར་བ་རྣམས་འདུས་འཛོམས་ཀྱི་དབུས་སུ། སེར་བྱེས་མཁས་སྙན་གྲྭ་ཚང་གི་སློབ་གཉེར་བ་སྐོར་ཞིག་གིས་གཞུང་ཆེན་བཀའ་པོད་ལྔ་ལ་དམ་བཅའ་དང་བགྲོ་གླེང་གནང་བ་ཞིག་ཡིན།
ཁྲིད་ཚན། བླང་དོར་བཀའ་སློབ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADK2040128
མཁས་པ་གཞན། [བཀའ་སློབ་སོགས།] སྤྱིའི་ཨང་། ༢༢༥
རྣམ་པ། MP3 རྣམ་གྲངས། 7 ཆེ་ཆུང་། 106.1 MB
ཁྲིད་ཚན། བླང་དོར་བཀའ་སློབ།
འཁྲིད་མཁན། ༧ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག
འཁྲིད་དུས། ༡༩༨༦
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༨ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་ནི། ༡༩༣༨ ལོར་མདོ་ཁམས་སྨད་དུ་སྐུ་འཁྲུངས། ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ། ༡༩༤༡ ལོར་པཎ་ཆེན་ནང་སྒང་ནས་པཎ་ཆེན་སྐུ་ཕྲེང་དགུ་བའི་ཡང་སྲིད་དུ་ངོས་འཛིན་ཞུས། བླ་ཁོ་རིན་པོ་ཆེས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། དངུལ་ཆུ་རིན་པོ་ཆེ་སོགས་ཡོངས་འཛིན་དུ་བསྟེན་ཏེ། གཞུང་ཆེན་ཁག་ལ་གསན་སྦྱངས་དང་ཉམས་བཞེས་མཐར་ཕྱིན་མཛད་པར་མ་ཟད། དགོན་སྡེ་ཉམས་གསོ་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས། ནང་རིག་གི་སློབ་གྲྭ་གསར་འཛུགས། དགོན་སྡེ་ཁག་ལ་བཤད་གྲྭ་གསར་འཛུགས་སོགས་བསྟན་འགྲོར་སྨན་པའི་རླབས་ཆེན་གྱི་ཕྱག་ལས་རྒྱ་ཆེར་གནང་ཞིང་། ལྷག་པར་དུ་བོད་ཁམས་སུ་དཔལ་འབྱོར་དང་། རིག་གནས། སློབ་གསོ་སོགས་གོང་འཕེལ་ཡོང་ཆེད་འབད་པ་ལྷོད་མེད་གནང་། ༡༩༦༢ ལོར་རྒྱ་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བ་སོགས་ཀྱིས་ལོ་དགུའི་རིང་བཙོན་དུ་བཞུགས་དགོས་བྱུང་། ༡༩༧༨ ལོར་བཙོན་གྲོལ་ཐོབ་སྟེ། བོད་ཡུལ་ཡར་རྒྱས་ཀྱི་ཆེད་དུ་རྒྱ་གཞུང་ལ་སྐུལ་མ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་། ༡༩༨༧ལོར་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་གཏོང་རྒྱུར་ལྷག་པར་དུ་མཐོང་ཆེན་གནང་ཞིང་། ནང་བསྟན་སློབ་གྲྭ་དང་མཐོ་སློབ་གསར་འཛུགས་གནང་བ་སོགས་བོད་མི་རིགས་ཀྱི་རིག་གཞུང་གོང་འཕེལ་དང་། བོད་ཡུལ་གྱི་དཔལ་འབྱོར་ཡར་རྒྱས་དང་བོད་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཕྱག་ལས་རྒྱ་ཆེར་གནང་མུར། ༡༩༨༩ ལོའི་ཟླ་༡ ཕྱི་ཚེས་༢༨ ཉིན་བཀྲ་ཤིས་ལྷུན་པོའི་གཟིམ་ཆུང་དུ་དགོངས་པ་གཞན་དོན་དུ་གཤེགས།
ཁྲིད་ཚན། ཁྱིམ་པས་ཉིན་རེའི་དགེ་སྦྱོར་བྱ་ཚུལ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADK206080
མཁས་པ་གཞན། [བཀའ་སློབ་སོགས།] སྤྱིའི་ཨང་། ༡༦༤
རྣམ་པ། MP3 རྣམ་གྲངས། 10 ཆེ་ཆུང་། 163.4 MB
ཁྲིད་ཚན། ཁྱིམ་པས་ཉིེན་རེའི་དགེ་སྦྱོར་བྱ་ཚུལ།
འཁྲིད་མཁན། དགེ་བཤེས་བློ་བཟང་ཆོས་འཕེལ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༠༤།༠༢ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་བློ་བཟང་ཆོས་འཕེལ་ནི། ༡༩༦༣ ལོར་ལྷོ་ཁ་ཁུལ་དུ་སྐུ་འཁྲུངས། ཆུང་དུས་དམངས་བཙུགས་སློབ་གྲྭ་འགྲིམས་ཏེ་བོད་ཡིག་འབྲི་ཀློག་སོགས་ལ་སྦྱངས། ༡༩༨༢ ལོར་དགའ་ལྡན་དུ་ཆོས་སྒོར་ཞུགས། ༨༣ ལོར་འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། ༨༥ ལོར་༧ གོང་ས་མཆོག་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། སློབ་གཉེར་གྱི་སྐབས་ཏེ་ཆོས་ར་འགྲིམ་བཞིན་པའི་སྐབས་ནས་སློབ་གཉེར་པ་རྣམས་ལ་ཉིན་རེར་འཛིན་གྲྭ་ལྔ་དྲུག་རེར་དཔེ་ཁྲིད་ཆད་མེད་གནང་། ༢༠༠༡ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས། དགེ་བཤེས་ཐོན་པ་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། རྒྱུན་དུ་སློབ་གཉེར་པ་བརྒྱ་ཕྲག་མང་པོར་དཔེ་ཁྲིད་དང་། ༢༠༠༥ ལོར་ཨ་ཏི་ཤ་ཆོས་ཚོགས་ནས་གདན་ཞུས་ལྟར་ཐེ་ཝན་དུ་ཕེབས་ཏེ། ཤཱཀྱའི་འོད་སྣང་སློབ་གྲྭའི་དགེ་རྒན་སོགས་གནང་བཞིན། ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གནང་བཞིན་བཞུགས་པ་དང་། ༢༠༡༨ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་གནང་།
ཁྲིད་གཞུང་། འཕགས་བསྟོད། [ཀ]
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།སྒྲ་ཨང་། KADC2040210
མཁས་པ་གཞན། [འཆད་ཁྲིད་གཞན།] སྤྱིའི་ཨང་། ༣༢༩
རྣམ་པ། MP3 རྣམ་གྲངས། 21 ཆེ་ཆུང་། 147.2 MB
ཁྲིད་གཞུང་། འཕགས་བསྟོད་ཕན་བདེའི་ཆར་འབེབས།
མཛད་པ་པོ། རྒྱལ་བ་བསྐལ་བཟང་རྒྱ་མཚོ། [༡༧༠༨-༡༧༥༧]
བརྗོད་བྱ། འཕགས་པ་ཐུགས་རྗེ་ཆེན་པོ་ལ་བསྟོད་པ།
འཁྲིད་མཁན། དགེ་བཤེས་ཚུལ་ཁྲིམས་ཆོས་འཕེལ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༠༧།༡༤ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་སུམ་ཅུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཚུལ་ཁྲིམས་ཆོས་འཕེལ་ནི། བོད་དཀར་མཛེས་ཀྱི་འབྲོག་སྡེ་ར་སྐོར་འོག་མའི་དར་རྔ་ཚང་ཞེས་པའི་ཁྱིམ་དུ་ཕྱི་ལོ་༡༩༤༠ ལོར་སྐུ་འཁྲུངས། དགུང་ལོ་ལྔ་དྲུག་ནས་བོད་ཡིག་སྦྱངས། དགོང་ལོ་བདུན་གྱི་སྐབས་དར་དགོན་དུ་ཆོས་ཞུགས་དང་། དགུང་ལོ་བཅུ་གཅིག་གི་སྐབས་བཀྲ་ཤིས་དར་རྒྱས་དགོན་དུ་སྒྲིག་ཞུགས་ཀྱིས་སློབ་གྲྭ་སོགས་ལ་ཕེབས་ཤིང་གཞུང་མང་བློ་འཛིན་དང་རིགས་ལམ་ལ་སྦྱངས། དར་དགོན་མཁན་ཟུར་བློ་བཟང་བྱམས་པ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བླངས། ༡༩༥༧ ལོར་དབུས་ཀྱི་གདན་ས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་བསྡུས་གྲྭ་ནས་བཟུང་གཞུང་ཆེན་རྣམས་ལ་སློབ་གཉེར་གནང་།་༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་སར་གཞུང་ཆེན་སློབ་གཉེར་གྱི་འཕྲོ་བསྐྱངས། ༡༩༦༩ ལོར་སྦེལ་ཀོབ་གཞིས་ཁོངས་ཀྱི་སེ་ར་ཆོས་སྒར་དུ་ཕེབས། ༡༩༧༠ ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་ལས་བསྙེན་པར་རྫོགས། ཞོར་དུ་དོན་གཉེར་ཅན་རྣམས་ལ་དཔེ་ཁྲིད་ཀྱང་གནང་། ༡༩༨༩ལོར་ལྷ་རམས་གྲྭ་སྐོར་དང་དམ་བཅའ་བཞག །དེ་རྗེས་རྒྱུད་སྨད་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། དེ་ནས་རིམ་གྱིས་བྱང་ཨ་རིར་ཕེབས་ཏེ་ནང་ཆོས་ངོ་སྤྲོད་སོགས་གནང་བཞིན་བཞུགས་པ་ལགས་སོ། །
༸གོང་ས་མཆོག་གི་སྒྲ་མཛོད།
སྒྲ་མཛོད་ཀྱི་རེའུ་མིག
མཁས་པ་གཞན། སྒྲ་མཛོད་ཀྱི་རེའུ་མིག་དང་པོ།
སྡེ་ཚན། : མཁས་པ་གཞན། | ཀློག་གྲངས། 18817
ྋགོང་ས་མཆོག་གི་སྒྲ་མཛོད་ཀྱི་རེའུ་དང་པོ།
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 12034
མཁས་པ་གཞན། སྒྲ་མཛོད་ཀྱི་རེའུ་མིག་གསུམ་པ།
སྡེ་ཚན། : མཁས་པ་གཞན། | ཀློག་གྲངས། 16089
མཁས་པ་གཞན། སྒྲ་མཛོད་ཀྱི་རེའུ་མིག་གཉིས་པ།
སྡེ་ཚན། : མཁས་པ་གཞན། | ཀློག་གྲངས། 22364