- མདུན་ངོས།
- བཀའ་སློབ་སོགས།
བཀའ་སློབ་སོགས། (3)
ཁྲིད་གཞུང་། བླང་དོར་བཀའ་སློབ། [ཁ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།འཁྲིད་མཁན། དགའ་ལྡན་རྒན་སྙན་གྲགས།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0711
སྒྲའི་རྣམ་པ། MP3
གྲངས་ཀ 4
ལྗིད་ཚད། 118.6MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ཟླ་ ༦ ཚེས་ ༥ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
རྒན་བློ་བཟང་ཐར་པའམ་དགའ་ལྡན་རྒན་སྙན་གྲགས་ནི། སྤྱི་ལོ་ ༡༩༦༨ ལོར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་དུ་འཁྲུངས། དགུང་ལོ་བཅུ་གསུམ་གྱི་སྐབས་ཆོས་སྒོར་ཞུགས། ༡༩༨༣ ལོར་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་བཙུགས་པའི་བོད་ལྗོངས་ནང་བསྟན་སློབ་ཆེན་ནམ་གནས་ཆུང་སློབ་གྲྭར་དགའ་བྱང་དགེ་བཤེས་འབྲོག་མི་རིན་པོ་ཆེ་དང་། དཔལ་ལྡན་འབྲས་སྤུངས་སུ་བླ་མ་ལམ་རིམ་པ་སོགས་ཀྱི་ཞབས་ལ་གཏུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པར་གསན་གཟིགས་དང་ཐུགས་གཉེར་མཛད། ༡༩༩༢ ལོར་རྩ་བའི་བླ་མ་རྣམ་པ་གཉིས་ཀྱིས་བཀའ་མངགས་ལྟར་རྗེ་བླ་མའི་གདན་ས་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དཔེ་ཁྲིད་དགེ་རྒན་དུ་ཕེབས་ཏེ་གཞུང་ཆེན་དཔེ་ཁྲིད་གནང་མུས་ཐོག །ལྷ་ས་གཙོ་བོར་གྱུར་པའི་དབུས་གཙང་གི་ས་ཕྱོགས་གང་སར་སྤྱོད་འཇུག་དང་ལམ་རིམ་བློ་སྦྱོང་སོགས་ཀྱི་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་། བརྩམས་ཆོས་ལ། བློ་གླིང་འདུལ་སྡོམ་འགྲེལ་པ་ཚིག་དོན་རབ་གསལ་གཞི་སྟོད་སྨད་པོད་གཉིས། ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་གླེང་མོལ་གསལ་རིག་སེམས་ཀྱི་ཞི་བདེ། གསོལ་འདེབས་དཔལ་ལྡན་ས་གསུམ་མའི་དོན་འགྲེལ། དྲང་ངེས་ལེགས་བཤད་སྙིང་པོའི་དོགས་འདྲི་རང་གི་དེ་ཁོ་ན་ཉིད་གསལ་བར་བསྟན་པའི་གཏམ། རྩ་ཤེའི་ས་བཅད་བསྡུས་དོན་སོགས་ཡོད།
སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས།
དེ་ལས་མང་བ།...
ཁྲིད་ཚན། བླང་དོར་བཀའ་སློབ། [ཀ]
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADK2040128
མཁས་པ་གཞན། [བཀའ་སློབ་སོགས།] སྤྱིའི་ཨང་། ༢༢༥
རྣམ་པ། MP3 རྣམ་གྲངས། 7 ཆེ་ཆུང་། 106.1 MB
ཁྲིད་ཚན། བླང་དོར་བཀའ་སློབ།
འཁྲིད་མཁན། ༧ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག
འཁྲིད་དུས། ༡༩༨༦
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༠༨ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་ནི། ༡༩༣༨ ལོར་མདོ་ཁམས་སྨད་དུ་སྐུ་འཁྲུངས། ཐོག་མའི་མཚན་ལ་མགོན་པོ་ཚེ་བརྟན་ཞུ། ༡༩༤༡ ལོར་པཎ་ཆེན་ནང་སྒང་ནས་པཎ་ཆེན་སྐུ་ཕྲེང་དགུ་བའི་ཡང་སྲིད་དུ་ངོས་འཛིན་ཞུས། བླ་ཁོ་རིན་པོ་ཆེས་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ། དངུལ་ཆུ་རིན་པོ་ཆེ་སོགས་ཡོངས་འཛིན་དུ་བསྟེན་ཏེ། གཞུང་ཆེན་ཁག་ལ་གསན་སྦྱངས་དང་ཉམས་བཞེས་མཐར་ཕྱིན་མཛད་པར་མ་ཟད། དགོན་སྡེ་ཉམས་གསོ་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས། ནང་རིག་གི་སློབ་གྲྭ་གསར་འཛུགས། དགོན་སྡེ་ཁག་ལ་བཤད་གྲྭ་གསར་འཛུགས་སོགས་བསྟན་འགྲོར་སྨན་པའི་རླབས་ཆེན་གྱི་ཕྱག་ལས་རྒྱ་ཆེར་གནང་ཞིང་། ལྷག་པར་དུ་བོད་ཁམས་སུ་དཔལ་འབྱོར་དང་། རིག་གནས། སློབ་གསོ་སོགས་གོང་འཕེལ་ཡོང་ཆེད་འབད་པ་ལྷོད་མེད་གནང་། ༡༩༦༢ ལོར་རྒྱ་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བ་སོགས་ཀྱིས་ལོ་དགུའི་རིང་བཙོན་དུ་བཞུགས་དགོས་བྱུང་། ༡༩༧༨ ལོར་བཙོན་གྲོལ་ཐོབ་སྟེ། བོད་ཡུལ་ཡར་རྒྱས་ཀྱི་ཆེད་དུ་རྒྱ་གཞུང་ལ་སྐུལ་མ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུར་ཐུགས་འཁུར་ཆེ་བཞེས་གནང་། ༡༩༨༧ལོར་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་བཙུགས། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། གོང་འཕེལ་གཏོང་རྒྱུར་ལྷག་པར་དུ་མཐོང་ཆེན་གནང་ཞིང་། ནང་བསྟན་སློབ་གྲྭ་དང་མཐོ་སློབ་གསར་འཛུགས་གནང་བ་སོགས་བོད་མི་རིགས་ཀྱི་རིག་གཞུང་གོང་འཕེལ་དང་། བོད་ཡུལ་གྱི་དཔལ་འབྱོར་ཡར་རྒྱས་དང་བོད་མིའི་བདེ་སྐྱིད་ཀྱི་ཆེད་དུ་ཕྱག་ལས་རྒྱ་ཆེར་གནང་མུར། ༡༩༨༩ ལོའི་ཟླ་༡ ཕྱི་ཚེས་༢༨ ཉིན་བཀྲ་ཤིས་ལྷུན་པོའི་གཟིམ་ཆུང་དུ་དགོངས་པ་གཞན་དོན་དུ་གཤེགས།
ཁྲིད་ཚན། ཁྱིམ་པས་ཉིན་རེའི་དགེ་སྦྱོར་བྱ་ཚུལ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།སྒྲ་ཨང་། KADK206080
མཁས་པ་གཞན། [བཀའ་སློབ་སོགས།] སྤྱིའི་ཨང་། ༡༦༤
རྣམ་པ། MP3 རྣམ་གྲངས། 10 ཆེ་ཆུང་། 163.4 MB
ཁྲིད་ཚན། ཁྱིམ་པས་ཉིེན་རེའི་དགེ་སྦྱོར་བྱ་ཚུལ།
འཁྲིད་མཁན། དགེ་བཤེས་བློ་བཟང་ཆོས་འཕེལ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༠༤།༠༢ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་བློ་བཟང་ཆོས་འཕེལ་ནི། ༡༩༦༣ ལོར་ལྷོ་ཁ་ཁུལ་དུ་སྐུ་འཁྲུངས། ཆུང་དུས་དམངས་བཙུགས་སློབ་གྲྭ་འགྲིམས་ཏེ་བོད་ཡིག་འབྲི་ཀློག་སོགས་ལ་སྦྱངས། ༡༩༨༢ ལོར་དགའ་ལྡན་དུ་ཆོས་སྒོར་ཞུགས། ༨༣ ལོར་འཕགས་ཡུལ་དུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། ༨༥ ལོར་༧ གོང་ས་མཆོག་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། སློབ་གཉེར་གྱི་སྐབས་ཏེ་ཆོས་ར་འགྲིམ་བཞིན་པའི་སྐབས་ནས་སློབ་གཉེར་པ་རྣམས་ལ་ཉིན་རེར་འཛིན་གྲྭ་ལྔ་དྲུག་རེར་དཔེ་ཁྲིད་ཆད་མེད་གནང་། ༢༠༠༡ ལོར་དགེ་བཤེས་ལྷ་རམས་པའི་དམ་འཇོག་དང་། ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས། དགེ་བཤེས་ཐོན་པ་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། རྒྱུན་དུ་སློབ་གཉེར་པ་བརྒྱ་ཕྲག་མང་པོར་དཔེ་ཁྲིད་དང་། ༢༠༠༥ ལོར་ཨ་ཏི་ཤ་ཆོས་ཚོགས་ནས་གདན་ཞུས་ལྟར་ཐེ་ཝན་དུ་ཕེབས་ཏེ། ཤཱཀྱའི་འོད་སྣང་སློབ་གྲྭའི་དགེ་རྒན་སོགས་གནང་བཞིན། ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གནང་བཞིན་བཞུགས་པ་དང་། ༢༠༡༨ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་གནང་།