སྒྲ་མཛོད་ཀྱི་གསལ་བཤད།

དཔེ་ཁྲིད་གསན་མཁན་རྣམ་པར་ཆེད་ཞུ། འདི་གའི་དྲ་ཚིགས་ཀྱི་སྒྲ་མཛོད་དུ་ཤོང་ཚད་ཀྱི་དཀའ་ངལ་དང་། ཁྲིད་གཅིག་གི་ཚན་པ་རེ་རེ་ཡང་ ( Inode ) ནང་དུ་གྲངས་ཀའི་གྲས་སུ་ཚུད་འགྲོ་ཞིང་། ( Inode Limits ) ལ་ཚད་གཞི་ཡོད་པས་རྗེས་ཕྱོགས་ཀྱི་བྱ་བར་དཀའ་ངལ་མི་འབྱུང་སླད། སྒྲ་མཛོད་ཕབ་ལེན་གྱི་ནང་དུ་གཉེན་ཆས་ (soundcloud) འདི་ཉོས་ཏེ་དྲ་ཚིགས་སུ་གང་ཡོད་ཀྱི་དཔེ་ཁྲིད་ཚང་མ་མཉེན་ཆས་འདིའི་ནང་དུ་བཞག་ཡོད་ཅིང་། སྒྲ་མཛོད་ཀྱི་ཕབ་ལེན་དང་འབྲེལ་སྣེ་མཐུད་ཡོད་པས། རྣམ་པ་ཚོས་རང་ལ་མཁོ་བའི་དཔེ་ཁྲིད་ཀྱི་རིགས་ཐད་ཀར་གསན་པའམ་རང་མོས་ལྟར་ཕབ་ལེན་ཡང་བྱེད་ཐུབ། རྒྱས་པར་གཟིགས་་་

སྒྲ་མཛོད།

སྒྲ་མཛོད། (769)

སྒྲ་ཨང་།  KADZU2060274 
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༤༠༢
རྣམ་པ། MP3 རྣམ་གྲངས། 86 ཆེ་ཆུང་། 2.33 GB
ཁྲིད་གཞུང་། དབུ་མ་དགོངས་པ་རབ་གསལ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
ཁྲིད་མཚམས། སེམས་བསྐྱེད་དང་པོ་ནས་བདག་འགོག་གི་བར།
འཁྲིད་མཁན། དགེ་བཤེས་འཇམ་དཔལ་བློ་ཤེས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༧ ལོའི་ཟླ་ ༡༠།༢༦ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་གསུམ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ནི། ༡༩༦༨ ལོར་བོད་འདན་ཡུལ་ཀ་ཕུ་བསམ་འགྲུབ་གླིང་དུ་འཁྲུངས། རང་ལོ་ཉི་ཤུའི་སྟེང་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ཤིང་། སློབ་གཉེར་གྱི་ཆེད་དབུས་སུ་ཕྱིན་ནའང་རྐྱེན་དུ་མས་སྡོད་མ་ཐུབ་པར་ཕྱིར་ལོག་སྟེ། སེར་ཤུལ་དགོན་དུ་ཆོས་ཞུགས་བྱས། རང་ལོ་ཉེར་བཞིའི་སྐབས་འཕགས་ཡུལ་དུ་བརྟོལ་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར། ༢༠༠༡ ལོར་སེར་ཤུལ་ཁྲི་ཟུར་རིན་པོ་ཆེའི་ཐུགས་རེ་ལྟར་སེར་ཤུལ་དགོན་གྱི་དཔེ་ཁྲིད་དགེ་རྒན་དུ་བོད་ལ་ལོག །རང་ལོ་སོ་ལྔའི་སྐབས་སློབ་གཉེར་གྱི་འཕྲོ་བསྐྱང་ཆེད་སླར་ཡང་འཕགས་ཡུལ་དུ་བརྟོལ་ཏེ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དང་དམ་བཅའ་བཞག །དེ་རྗེས་སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། དེ་ནས་བོད་དུ་སེར་ཤུལ་དགོན་གྱིས་གདན་འདྲེན་བྱས་པ་ལྟར་རང་ཡུལ་དུ་ལོག་སྟེ་ཕྱི་ནང་གི་དོན་གཉེར་ཅན་མང་པོར་གཞུང་ཆེན་དཔེ་ཁྲིད་གནང་བཞིན་པ་ལགས་སོ། །

ཁྲིད་མཚམས་ཀྱི་དཀར་ཆག 1. Track-01 ནས་ Track-20 སེམས་བསྐྱེད་དང་པོ།  2.  Track-21 ནས་ Track-26 སེམས་བསྐྱེད་གཉིས་པ་ནས་ལྔ་པའི་བར།  3. Track-27 ནས་ Track-38 སེམས་བསྐྱེད་དྲུག་པ་ནས་བདག་འགོག་བར།  4. Track-39 ནས་ Track-70 གཞན་སྐྱེ་དགག་པ།  5. Track-71 ནས་ Track-86 གང་ཟག་གི་བདག་འགོག་པའི་སྐབས།
ངོ་ཤོག 64 ནས་ 129