-
མདུན་ངོས།
- འཕྲུལ་དེབ་གསར་ཤོས།

འཕྲུལ་དེབ་གསར་ཤོས། (513)
རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ལོ་ཆེན་དྷརྨ་ཤྲཱི།
བརྗོད་བྱ། བསྟན་རྩིས་དང་བྱེད་གྲུབ་ཀྱི་ལྔ་བསྡུས་སོགས།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0111
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 437KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ལོ་ཆེན་དྷརྨ་ཤྲཱི་མཆོག་ནི། གཡོར་པོ་གྲྭ་ནང་གི་དར་རྒྱས་ཆོས་གླིང་དུ་འཁྲུངས། དགུང་ལོ་བཅུ་གསུམ་པར་གཙུག་ཕུད་ཕུལ། དགུང་ལོ་བཅོ་ལྔའི་སྐབས་རྒྱལ་དབང་ལྔ་པ་ལས་རབ་ཏུ་བྱུང་། སློབ་དཔོན་དོན་གྲུབ་དབང་རྒྱལ་སོགས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་རྣམས་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་། སློབ་མ་གྲགས་ཆེ་བ། ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བཀྲ་ཤིས་སོགས་མང་ངོ་། ༡༧༡༨ ལོར་ཇུན་གར་པས་སྐྱིད་ཆུའི་འགྲམ་དུ་བཀྲོངས། གསུང་རྩོམ་ལ། གསང་བདག་དགོངས་རྒྱན་སོགས་ཆོས་ཚན་བདུན་ཅུ་ལྷག་ཙམ་བཞུགས། ད་ལན་སྐར་རྩིས་ཀྱི་ཚན་པར་དཀར་ཆག་གི་འབྲེལ་སྣེ་མཐུད་རྒྱུ་སོགས་ཀྱི་ཆེད་དུ་འཕྲུལ་དེབ་འདི་གང་མགྱོགས་རྩོམ་སྒྲིག་བྱེད་དགོས་བྱུང་སོང་བས། རྩིས་གཞུང་འདི་ལས་བསྟན་རྩིས་ཀྱི་ཡན་མ་གཏོགས་རྩོམ་སྒྲིག་བྱེད་ཐུབ་མ་སོང་ན། གཟིགས་པ་པོ་རྣམས་ལ་བཟོད་གསོལ་དང་འབྲེལ། རྗེས་སུ་རྩིས་གཞུང་འདི་ཉིད་ཡོངས་རྫོགས་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་ཏེ་གཟིགས་པ་པོ་རྣམས་ལ་འབུལ་ཐུབ་པ་བྱེད་ངེས་ཡིན།
PDF ཕབ་ལེན། |
---|
དེ་ལས་མང་བ།...
ཀླུ་ཀུན་ཏུ་དགའ་བའི་ཟློས་གར།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། རྒྱལ་པོ་དགའ་བའི་ལྷ།
བརྗོད་བྱ། རྒྱལ་སྲས་སྤྲིན་གྱི་བཞོན་པས་སྐུ་སྲོག་སྦྱིན་པར་བཏང་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0192
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 395KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྒྱལ་པོ་དགའ་བའི་ལྷ། འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ཞིབ་པར་མ་ངེས། ཟློས་གར་གྱི་གཞུང་འདི་ནི་རང་ལུས་མཁའ་ལྡིང་ལ་ཕུལ་བའི་སྟོན་པའི་སྐྱེ་རབས་ཉིད་ཆོས་རྒྱལ་དགའ་བའི་ལྷས་ཟློས་གར་དུ་ཕབ་པ་ཞིག་ཡིན། རྒྱ་གར་གྱི་མཁན་པོ་ལཀྵྨཱི་ཀ་ར་དང་བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ་ཡིན་ནོ། །རྒྱལ་བུ་ཟླ་བའི་དབང་པོས་སྐྱེ་རབས་འདི་ཉིད་སྙན་ངག་གི་ལམ་དུ་དྲངས་ཏེ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད་ཅེས་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་པའི་དབང་པོ་ཁྲི་རྒྱ་ནག་པས་ཀྱང་འདི་ཉིད་སྙན་ངག་གི་ལམ་དུ་དྲངས་པ་རྒྱལ་བུ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད་ཅེས་སྙན་ཆ་ཧ་ཅང་ཆེ་བ་ཞིག་མཛད་ཡོད།
PDF ཕབ་ལེན། |
---|
རོལ་མོའི་བསྟན་བཅོས།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། ས་པཎ་ཀུན་དགའ་རྒྱལ་མཚན།
བརྗོད་བྱ། རོལ་མོའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0093
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 376KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་ནི། ས་སྐྱར་འཁྲུངས། ཁུ་བོ་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་གསོལ། དགུང་ལོ་ཆུང་དུས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལ་སྦྱངས་པ་གནང་པས་འཆད་ཉན་དང་ལག་ལེན་འཁྱོལ་ཐུབ་པའི་མཁས་པར་གྱུར། རྒྱ་གར་གྱི་མུ་སྟེགས་པའི་མཁས་པ་འཕྲོག་བྱེད་དགའ་བོ་རྩོད་པས་བཏུལ་ནས་རལ་བ་བྲེགས། དགུང་ལོ་ཉེར་གསུམ་པར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔའི་སྐབས་ས་སྐྱའི་གདན་སའི་ཁྲིར་ཕེབས། སྐལ་ལྡན་གྱི་བུ་སློབ་མང་དུ་བསྐྱངས། དགུང་ལོ་རེ་གཉིས་པར་སོག་རྒྱལ་གྱིས་གདན་ཞུས་ལྟར་ལང་གྲུར་ཕེབས། ཁོང་ནི་ས་སྐྱ་གོང་མ་ལྔའི་ནང་གི་བཞི་པ་ཡིན། ༡༢༥༡ ལོར་ལང་གྲུར་སྐུ་གཤེགས། གསུང་རྩོམ་ལ་པོད་གསུམ་བཞུགས།
PDF ཕབ་ལེན། |
---|
བློ་སྒོ་འབྱེད་པའི་ལྡེ་མིག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། བླ་མ་ཐུབ་བསྟན་བཟོད་པ།
བརྗོད་བྱ། བློ་སྦྱོང་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0300
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 996KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ལོའི་ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་ནི། ཕྱི་ལོ་༡༩༤༦ཤར་ཁུམ་བུའི་ཁུལ་དུ་སྐུ་འཁྲུངས། དགུང་ལོ་གསུམ་གྱི་སྐབས་ལཱའུ་རྡོ་བླ་མ་ཞེས་པའི་ཡང་སྲིད་དུ་ངོས་འཛིན་གནང། སྦག་ས་ཆོས་སྒར་དུ་གཞུང་ཆེན་ཁག་ལ་ཐོས་བསམ་མཛད། ༡༩༦༧ ལོར་བླ་མ་ཐུབ་བསྟན་ཡེ་ཤེས་དང་ལྷན་དུ་བལ་ཡུལ་དུ་བྱོན་ཏེ་འོག་མིན་བྱང་ཆུབ་ཆོས་གླིང་སོགས་དགེ་འདུན་གྱི་སྡེ་མང་པོ་རིམ་གྱི་བཙུགས། ༡༩༧༤ལོར་བླ་མ་ཐུབ་བསྟན་ཡེ་ཤེས་དང་ལྷན་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྐྱོད་དེ་ནང་པའི་ཆོས་ཚོགས་བརྒྱ་དང་གྱ་བཞི་ཙམ་བཙུགས་ཤིང་སྤྱི་ཚོགས་ལ་ཕན་བདེ་རྒྱ་ཆེར་སྒྲུབ་བཞིན་བཞུགས་པ་ལགས་སོ། །
PDF ཕབ་ལེན། |
---|
རྒྱལ་སྲས་ལག་ལེན་སོ་བདུན་མ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྒྱལ་སྲས་ཐོགས་མེད་བཟང་པོ།
བརྗོད་བྱ། རྒྱལ་སྲས་ཀྱི་སྤྱོད་པའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0241
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 347KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༧ ལོའི་ཟླ་བཅུ་གཅིག་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྒྱལ་སྲས་ཐོགས་མེད་བཟང་པོ་མཆོག་ནི། ཕྱི་ལོ་ ༡༢༩༥ ལོར་འཁྲུངས། དགུང་ལོ་བཅུ་བཞིའི་སྐབས་བསམ་གླིང་པ་དཔལ་འབར་ལས་རབ་ཏུ་བྱུང་། མཚན་ལ་བཟང་པོ་དཔལ་དུ་གསོལ། དགུང་ལོ་བཅོ་ལྔའི་སྐབས་སློབ་དཔོན་ཀུན་དགའ་རྒྱལ་མཚན་ལས་མངོན་པ་སོགས་ལ་ཐོས་བསམ་མཛད། འཇམ་དབྱངས་ཉི་མ་རྒྱལ་མཚན་གྱིས་མངོན་པའི་སྐོར་ལ་དྲི་བ་གནང་བར་ལན་ཐོགས་མེད་དུ་གནང་བས། ཐོགས་མེད་བཟང་པོ་དཔལ་ཞེས་གྲགས། དགུང་ལོ་ཉེར་གཅིག་ནས་གཞུང་ཆེན་འཆད་ཁྲིད་ཀྱི་དབུ་བཙུགས། དགུང་ལོ་སུམ་ཅུའི་སྐབས་མཁན་པོ་བྱང་སེམས་རིན་ཆེན་སོགས་ལས་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་ཀྱི་སྐབས་རྟ་རའི་གདན་ས་མཛད། སློབ་མའི་གཙོ་བོ་ལ་རེད་འདའ་བ་གཞོན་ནུ་བློ་གྲོས་སོགས་བྱུང་། ཕྱི་ལོ་༡༣༦༩ ལོར་སྐུ་གཤེགས། གསུང་རྩོམ་ལ། རྒྱལ་སྲས་ལག་ལེན་སོགས་ཆོས་ཚན་བརྒྱ་དང་བཅོ་ལྔ་བཞུགས།
PDF འདི་ནས་ཕབ་ལེན་གནང་རོགས། ཁྲིད་ཡོད། | 1 | |
---|
ཞང་གླིང་གཡུལ་འགྱེད།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཚན་བྱང་། ཞང་ཞུང་གཡུལ་འགྱེད་དཔའ་བོ་དགྱེས་པའི་དགའ་སྟོན།
བརྗོད་བྱ། སྒྲུང་།
ཡོང་ཁུངས། བྱམས་པ་ཆོས་འཛིན།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0343
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.3MKB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༨ ལོའི་ཟླ་དགུ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཕྲུལ་དེབ་འདིའི་པར་གཞིའི་ཡོང་ཁུངས་གོང་དུ་གསལ་བ་ལྟར་དང་། གསར་དུ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱེད་སྐབས་རྒྱབ་ཤའི་ཟུར་དུ་འདི་ག་རྩོམ་སྒྲིག་ཁང་གི་འཕྲུལ་དེབ་ཀྱི་ཚན་པ་ངོས་འཛིན་སོགས་ཀྱི་ཆེད་དུ་དེབ་ཨང་སོགས་བཀོད་པ་ལས་གཞན། བརྩམས་ཆོས་རང་གི་ཡིག་འབྲུ་གཅིག་ལའང་བཟོ་བཅོས་མེད་པར་རྒྱབ་ཤ་སོགས་རང་སོར་བཞག་སྟེ་རྩོམ་སྒྲིག་བྱས་ཡོད།
PDF ཕབ་ལེན། |
---|
འཕྲུལ་དེབ་ཀྱི་དཀར་ཆག
དཔེ་མཛོད་ཀྱི་རེའུ་མིག
བཞི་པ། ྋགོང་ས་མཆོག་གི་རེའུ་མིག
སྡེ་ཚན། : ༧གོང་ས་མཆོག | ཀློག་གྲངས། 11319
དྲུག་པ། ཚན་རིག་གི་རེའུ་མིག
སྡེ་ཚན། : ཚན་རིག | ཀློག་གྲངས། 9955
བརྒྱད་པ། དེང་རྩོམ་གྱི་རེའུ་མིག
སྡེ་ཚན། : དེང་རྩོམ། | ཀློག་གྲངས། 11064
བདུན་པ། ཐོར་བུའི་རེའུ་མིག
སྡེ་ཚན། : ཐོར་བུ། | ཀློག་གྲངས། 16179
གསུམ་པ། གཞུང་ཆེན་ཁག་གི་རེའུ་མིག
སྡེ་ཚན། : གཞུང་ཆེན་ཁག | ཀློག་གྲངས། 18196
ལྔ་པ། རིག་གནས་ཀྱི་རེའུ་མིག
སྡེ་ཚན། : རིག་གནས། | ཀློག་གྲངས། 14021
གཉིས་པ། གསུང་འབུམ་གྱི་རེའུ་མིག
སྡེ་ཚན། : གསུང་འབུམ། | ཀློག་གྲངས། 15314
དང་པོ། བཀའ་བསྟན་གྱི་རེའུ་མིག
སྡེ་ཚན། : བཀའ་བསྟན། | ཀློག་གྲངས། 11381