- མདུན་ངོས།
- ཆོས་སྤྱོད།
- བླ་མའི་རྣལ་འབྱོར།
- རིག་མཛོད་རྩོམ་སྒྲིག་པ།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
ལྟ་མགུར་ཨ་མ་ངོ་ཤེས།
མཛད་པ་པོ། ལྕང་སྐྱ་རོལ་པའི་རྡོ་རྗེ།
བརྗོད་བྱ། ལྟ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0391
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 416KB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༢ ཟླ་ ༥ ཚེས་ ༢༨ ལ་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ལྕང་སྐྱ་སྐུ་ཕྲེང་གསུམ་པ་རོལ་པའི་རྡོ་རྗེ་ནི། མདོ་སྨད་ཙོང་ཁ་བྱང་གི་ཕྱོགས་སུ་ལང་གྲུའུ་ཞེས་པའི་འབྲོག་སྡེར། ཧོར་གྱི་རུས་སུ་གཏོགས་པའི་ཡབ་ཆི་གྱ་ཚངས་པ་གུ་རུ་བསྟན་འཛིན་དང་། ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཉིས་པའི་མེ་བྱ། སྤྱི་ལོ་ ༡༧༡༧ ལོའི་ཟླ་བ་དང་པོའི་ཚེས་བཅུའི་ཉིན་སྐུ་བལྟམས། དང་ཐོག་ཆིང་གོང་མའི་ཕོ་བྲང་དུ་འཚོ་ཞིང་སློབ་གཉེར་མཛད། ཆིང་གོང་མའི་ཕོ་བྲང་གི་རྩ་བའི་བླ་མ་དང་། གོང་མ་ཆན་ལུང་གི་དབུ་བླ་ཡིན་ལ། ཆིང་གོང་མ་དང་ཨེ་ཤ་ཡའི་སྐམ་སའི་དབུས་ཁུལ་བར་དུ་འབྲེལ་བ་འཛུགས་མཁན་གཙོ་ཤོས་ཡིན། ཁོང་གི་བོད་ཡུལ་གྱི་གདན་ས་གཙོ་བོ་ནི་ཨ་མདོའི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་བྱམས་པ་གླིང་ཡིན། སྐུ་ཚེ་གང་བོར་གོང་མ་ཆན་ལུང་གི་ནང་བསྟན་གྱི་ལོ་ཙཱ་བ་དང་། དབུ་བླ་་དང་སློབ་དཔོན་མཛད་ནས་བཞུགས། རབ་བྱུང་བཅུ་གསུམ་པའི་མེ་ཕོ་རྟའི་ལོ། སྤྱི་ལོ་ ༡༧༨༦ ཟླ་བ་བཞི་པའི་ཚེས་གཉིས་ཀྱི་ཕྱི་དྲོར་ལྕང་སྐྱ་རོལ་པའི་རྡོ་རྗེ་རྒྱ་ནག་རི་བོ་རྩེ་ལྔར་སྐུ་གཤེགས།
ཁོང་གི་གསུང་རྩོམ་ནི། རྣམ་ཐར་དང་། གསོལ་འདེབས། མགུར་དང་། ཆབ་ཤོག ཞུ་འཕྲིནཆོ་ག་དང་སྒྲུབ་ཐབས་སོགས་པོ་ཏི་ཀ་ནས་ཇ་པའི་བར་པོད་བདུན་བཞུགས།