རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2020 ལོའི་ཟླ་བ། Jul ཚེས། 22 རེས་གཟའ། Wed

ཁྲིད་གཞུང་། ཕར་ཕྱིན་མཐའ་དཔྱོད། [ཀ]

ཁྲིད་གཞུང་། ཕར་ཕྱིན་མཐའ་དཔྱོད།
མཛད་པ་པོ། མཁས་གྲུབ་བསྟན་པ་དར་རྒྱས།
བརྗོད་བྱ། མངོན་རྟོགས་རྒྱན་གྱི་འགྲེལ་པ་སྐབས་དང་པོ་སོགས།
འཁྲིད་མཁན། དགེ་བའི་བཤེས་གཉེན་ཐུབ་བསྟན་རིན་ཆེན།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0620
སྒྲའི་རྣམ་པ། MP3
གྲངས་ཀ 133
ལྗིད་ཚད། 5.56 GB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༠ཟླ་༧ཚེས་༢༢ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།

སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་རྒན་ཐུབ་བསྟན་རིན་ཆེན་མཆོག་ནི། བོད་དུ་སྐུ་འཁྲུངས་ཤིང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། དེ་རྗེས་འཕགས་ཡུལ་དུ་ཕེབས་ཤིང་སློབ་གཉེར་གྱི་འཕྲོ་བསྐྱངས་ཡོད་པ་དང་། རྒྱུན་དུ་གྲྭ་ས་རང་དུ་རྒྱུན་བཞུགས་ཀྱིས་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་དང་། ཕྱི་ནང་གི་དོན་གཉེར་ཅན་མང་པོར་ལུང་ཆོས་སོགས་གནང་བཞིན་བཞུགས་པ་ལགས་སོ། །[རྩོམ་སྒྲིག་པའི་ལག་ཏུ་རྣམ་ཐར་མ་རག་པས་གང་ཤེས་འདི་ཙམ་ལས་འབྲི་ཐབས་མ་བྱུང་ཡང་རྗེས་སུ་ཁ་གསབ་བྱེད་ངེས།]

ཁྲིད་མཚམས་ཀྱི་དཀར་ཆག 1. Track-001 ནས་ Track-010 གཅིག་དུ་བྲལ། 2. Track-011 ནས་ Track-020 སེམས་བསྐྱེད། 3. Track-021 ནས་ Track-026 བདེན་གཉིས། 4. Track-027 ནས་ Track-038 བདེན་བཞི། 5. Track-039 ནས་ Track-045 སྐྱབས་གསུམ། 6. Track-046 ནས་ Track-053 སྦྱོར་ལམ། 7. Track-054 ནས་ Track-069 སྐབས་གཉིས་པ། 8. Track-070 ནས་ Track-108 སྐབས་བཞི་པ། 9. Track-109 ནས་ Track-122 སྐབས་ལྔ་པ། 10.Track-123 ནས་ Track-133 སྐབས་བརྒྱད་པ།
ངོ་ཤོག 184 ནས་ 899