- མདུན་ངོས།
- ཆོས་སྤྱོད།
- བླ་མའི་རྣལ་འབྱོར།
- རིག་མཛོད་རྩོམ་སྒྲིག་པ།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། རྗེ་བཙུན་པའི་ཕར་ཕྱིན་སྐབས་བཞི་པའི་སྤྱི་དོན། [ཅ]
སྒྲ་ཨང་། KADZPK2030135
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༢༣༣
རྣམ་པ། MP3 རྣམ་གྲངས། 135 ཆེ་ཆུང་། 1.51 GB
ཁྲིད་གཞུང་། རྗེ་བཙུན་པའི་ཕར་ཕྱིན་སྐབས་བཞི་པའི་སྤྱི་དོན།
མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། [༡༤༦༩-༡༥༤༤]
བརྗོད་བྱ། རྣམ་རྫོགས་སྦྱོར་བ།
འཁྲིད་མཁན། མཁན་ཟུར་བློ་བཟང་དཔལ་ལྡན་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༡༢ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ལྔ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་ཟུར་བློ་བཟང་དཔལ་ལྡན་མཆོག་ནི། ཕྱི་ལོ་༡༩༣༦ ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ཀྱི་སྐབས་དར་རྒྱས་དགོན་གྱི་སློབ་གྲྭར་ཞུགས། ཆོས་སྤྱོད་སྣ་ཚོགས་བློ་འཛིན་དང་། བསྡུས་གྲྭ་སོགས་ལ་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་སློབ་གཉེར་གནང་། ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་སར་སློབ་གཉེར་གྱི་འཕྲོ་བསྐྱངས། ༡༩༦༥ ལོར་ཝཱ་ར་ཎ་སིའི་མཐོ་སློབ་ཏུ་ཕེབས་ཏེ་ཨ་ཙཱརྱའི་སློབ་ཐོན་ལག་འཁྱེར་བཞེས། ༢༠༠༥ ལོར་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་ཆོས་སྲིད་གཉིས་ཆ་ནས་དྲིན་གྱིས་བསྐྱངས་ཤིང་། ༢༠༡༢ ལོར་མཁན་པོ་ལས་དགོངས་ཞུ་དང་། རྒྱུན་དུ་དོན་གཉེར་ཅན་མང་པོར་དཔེ་ཁྲིད་སོགས་གནང་བཞིན་བཞུགས། ༢༠༡༦ལོའི་ཟླ་ ༥ ཚེས་ ༡ གི་ཕྱི་དྲོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།