སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

མཛད་པ་པོ། ཞང་ཞུང་བ་ཆོས་དབང་གྲགས་པ།
བརྗོད་བྱ། དགའ་བྱེད་རཱ་མ་ཎས་སྲིན་པོ་བཏུལ་བའི་སྐོར།
འཁྲིད་མཁན། དོན་གྲུབ་རྒྱལ།
རིག་མཛོད་སྒྲ་སྤྱིའི་ཨང་། SJRA-0428
སྒྲའི་རྣམ་པ། MP3
གྲངས་ཀ 22
ལྗིད་ཚད། 582.9 MB
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༠ ཟླ་ ༨ ཚེས་ ༩ ཉིན་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
དོན་གྲུབ་རྒྱལ་ནི། ༡༩༥༣ ལོར་གཅན་ཚ་དགུ་རོང་དུ་འཁྲུངས། སྨྱུག་མིང་ལ་རང་གྲོལ་ཟེར། རང་ལོ་གཅིག་ལ་སོན་པའི་སྐབས་སྐྱེད་བྱེད་ཚེ་ལས་འདས་ཤིང་། ཕྱིས་སུ་ཕ་གཡར་དང་སྐྱེད་མ་གཉིས་ཀྱིས་གསོ་སྐྱོང་བྱས། རང་ལོ་བདུན་ནས་བཅུ་གསུམ་བར་སྡེ་བའི་སློབ་ཆུང་དུ་སློབ་སྦྱོང་བྱས། རང་ལོ་བཅུ་གསུམ་ནས་བཅོ་ལྔའི་བར་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭར་ཞུགས། སློབ་མཐར་ཕྱིན་ལ་ཉེ་སྐབས། མཚོ་སྔོན་ཞིང་ཆེན་བོད་སྐད་སྦྱང་སྒྲོག་ལས་ཁུངས་སུ་བསྡུ་ལེན་བྱས། རང་ལོ་བཅོ་ལྔའི་སྟེང་སྦྱང་སྒྲོག་སྐོར་གྱི་རྩོམ་སྒྲིག་དང་ཡིག་བསྒྱུར་གྱི་བྱ་བར་ཞུགས། རང་ལོ་བཅུ་དགུ་ནས་པེ་ཅིན་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཡིག་ཆེད་ལས་སྐོར་དང་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས། ༡༩༧༠ ལོའི་ལོ་མཇུག་ནས་བཟུང་སྙན་ངག་དང་བརྩམས་སྒྲུང་སོགས་འབྲི་རྒྱུ་འགོ་བརྩམས། ༡༩༨༥ ལོའི་ཟླ་བ་ ༡༡ ཚེས་ ༢༢ ཉིན་གྱི་དགོང་མོར་འཇིག་རྟེན་འདི་དང་ཁ་བྲལ།

ངོ་ཤོག 249 ནས་ 683