སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2015 ལོའི་ཟླ་བ། Feb ཚེས། 20 རེས་གཟའ། Fri

བསྟན་འགྱུར། ཤེར་ཕྱིན། [ཀ]

དེབ་ཨང་། TGHS213095
བཀའ་བསྟན། [བསྟན་འགྱུར།]
སྤྱིའི་ཨང་།
མཛད་པ་པོ། རྗེ་བཙུན་བྱམས་པ་མགོན་པོ་སོགས།
བརྗོད་བྱ། དངོས་བརྒྱད་དོན་བདུན་ཅུ།
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
ཚོད་ལྟ། བསྐྱར་ཞིབ་བྱས་མེད།
༢༠༡༥ ལོའི་ཟླ་ལྔ་པར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

བསྟན་འགྱུར་ནི། སྟོན་པ་བཅོམ་ལྡན་འདས་ཀྱི་བཀའི་དགོངས་འགྲེལ་དུ་བརྩམས་པའི་རྒྱ་གར་གྱི་མཁས་པ་དག་གིས་མཛད་པའི་བསྟན་བཅོས་བོད་སྐད་དུ་བསྒྱུར་བ་རྣམས་ཡིན་ཞིང་། བོད་དང་རྒྱ་ནག་གི་མཁས་པས་མཛད་པའི་བསྟན་བཅོས་ཀྱང་གང་མང་ཞིག་འདིའི་ནང་དུ་བསྡུས་ཡོད། བོད་དུ་བཀའ་འགྱུར་ཕྱོགས་བསྒྲིགས་ཀྱི་དཀར་ཆག་བརྩམས་པ་དང་། བསྟན་འགྱུར་ཕྱོགས་བསྒྲིགས་ཀྱི་དཀར་ཆག་བརྩམས་པའི་ལོ་རྒྱུས་ཕལ་ཆེར་འདྲ་ཞིང་། བསྟན་འགྱུར་ཆ་ཚང་བ་ཐོག་མར་བསྒྲིགས་པ་ནི་སྣར་ཐང་བཀའ་འགྱུར་དང་ཆབས་ཅིག་ཕྱོགས་བསྒྲིགས་བྱས་པ་ཡིན། ༡༣༣༤ ལོར་བུ་སྟོན་རིན་པོ་ཆེས་ཞུས་དག་གནང་བའི་བསྟན་འགྱུར་ཆ་ཚང་ཞིག་ཞ་ལུའི་གསེར་ཁང་གི་གཙུག་ལག་ཁང་དུ་བཞུགས་ཤིང་། དེའི་དཀར་ཆག་ཀྱང་བུ་སྟོན་རིན་པོ་ཆེས་མཛད་པ། གསུང་འབུམ་[པ]པའི་ནང་དུ་བཞུགས།

ཕབ་ལེན།   PDF  ཕབ་ལེན།    EPUB  ཕབ་ལེན།

ངོ་ཤོག 664 ནས་ 682