- མདུན་ངོས།
- ཆོས་འབྱུང་།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན། [ག]
སྒྲ་ཨང་། KADZPT2070107
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༡༩༢
རྣམ་པ། MP3 རྣམ་གྲངས། 267 ཆེ་ཆུང་། 656.7 MB
ཁྲིད་གཞུང་། རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན།
མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། [༡༤༦༩-༡༥༤༤]
བརྗོད་བྱ། རྟེན་འབྲེལ་ཡན་ལག་བཅུ་གཉིས།
འཁྲིད་མཁན། དགེ་བཤེས་ངག་དབང་སངས་རྒྱས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༦ ལོའི་ཟླ་ ༠༤།༠༣ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ངག་དབང་སངས་རྒྱས་ནི། ༡༩༧༠ ལོར་ལ་དྭགས་ས་ཕུད་དུ་འཁྲུངས། རང་ལོ་བཅུ་པའི་སྐབས་གཞུང་གི་སྔོན་འགྲོའི་གཞི་རིམ་སློབ་གྲྭར་འཛིན་གྲྭ་བཞི་པ་བར་དུ་སློབ་སྦྱོང་གནང་། ༡༩༧༩ ལོར་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་། མཁན་རིན་པོ་ཆེ་ངག་དབང་ལེགས་ལྡན་ལས་རབ་ཏུ་བྱུང་ཏེ་ངག་དབང་སངས་རྒྱས་ཞེས་གསོལ། དགེ་བའི་བཤེས་གཉེན་དུ་མ་བསྟེན་ནས་གཞུང་ཆེན་ལ་སློབ་གཉེར་དང་། རང་ལོ་སོ་གཅིག་གི་སྐབས་ཏེ་ ༢༠༠༡ ལོར་ལྷ་རམས་པའི་དམ་འཇོག་གནང་ཞིང་། སྨད་རྒྱུད་གྲྭ་ཚང་དུ་ལོ་གཅིག་གི་ཆོས་ཐོག་འགྲིམས། ༢༠༡༢ ལོར་གྲྭ་ཚང་གི་དགེ་བསྐོས་གནང་། ༢༠༡༨ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་དགེ་བསྐོས་གནང་། རྒྱུན་དུ་སློབ་གཉེར་པ་རྣམས་ལ་དཔེ་ཁྲིད་དང་། ལ་དྭགས་སོགས་དང་ཕྱིའི་ཡུལ་གྲུ་ཁག་ཏུའང་ཆོས་སྦྱིན་སྤེལ་མུས་སུ་བཞུགས་པ་ལགས་སོ། །