- མདུན་ངོས།
- ཆོས་འབྱུང་།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། རྣམ་འགྲེལ་ཐར་ལམ་གསལ་བྱེད་ལེའུ་དང་པོ། [ཅ]
སྒྲ་ཨང་། KADZT2060143
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༢༤༡
རྣམ་པ། MP3 རྣམ་གྲངས། 30 ཆེ་ཆུང་། 586 MB
ཁྲིད་གཞུང་། རྣམ་འགྲེལ་ཐར་ལམ་གསལ་བྱེད།
མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན། [༡༣༦༤-༡༤༣༢]
ཁྲིད་མཚམས། མཆོད་བརྗོད་ནས་ལུང་འགལ་བར།
འཁྲིད་མཁན། དགེ་བཤེས་ཡ་མ་བསོད་ནམས།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༢༦ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་དགེ་བཤེས་ཡ་མ་བསོད་ནམས་ནི། སྤྱི་ལོ་ ༡༩༦༩ ལོར་དཀར་མཛེས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་གི་སྟེང་དགེ་ཚུལ་གྱི་སྡོམ་པ་ཞུས། ༡༩༨༤ ལོར་དཀར་མཛེས་དགོན་ཆེན་དུ་ཞུགས། ༡༩༨༦ ལོར་ཀླུ་གཞི་ཆོས་སྒར་དུ་འཛིན་གྲྭའི་སྐྱོར་དཔོན་གནང་། ༡༩༨༨ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་དང་། གཞུང་ཆེན་སློབ་གཉེར། རིགས་ཆུང་སེམས་བསྐྱེད་ཀྱི་ཚོགས་ལངས་གནང་། ༡༩༨༨ ལོར་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། དགེ་ལུགས་རྒྱུགས་སྤྲོད་རིམ་ཕེབས་ཀྱིས་མཐའ་མར་རྩོམ་རྒྱུགས་ཕུལ་ཏེ། ༢༠༠༣ ལོར་ལྷ་རམས་དགེ་བཤེས་དམ་འཇོག་དང་ཕྱི་ལོར་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་གསང་སྔགས་སློབ་གཉེར་གནང་། ༢༠༠༧ ནས་ལོ་གསུམ་ལ་དགེ་ལུགས་རྒྱུགས་སྤྲོད་ཀྱི་དོ་དམ་པ་དང་། ༢༠༡༢ ལོར་སེར་བྱེས་གྲྭ་ཚང་གི་དགེ་བསྐོས། ལོ་བཞིའི་རིང་རྗེ་བཙུན་པའི་ཡིག་ཆ་དཔེ་བསྡུར་མ་རྩོམ་སྒྲིག་གི་འགན་བཞེས་ཏེ་པར་དུ་བསྐྲུན། ༢༠༡༥ ལོར་བོད་དུ་ཕེབས་པ་དང་། གཞིས་བྱེས་གཉིས་སུ་དོན་གཉེར་ཅན་རྣམས་ལ་གཞུང་ཆེན་དཔེ་ཁྲིད་གནང་བཞིན་བཞུགས་པ་དང་། བརྩམས་ཆོས་ལ་པར་སྐྲུན་བྱས་ཚར་པ་པོད་བཞི་ཡོད།