-
Details
-
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
-
སྡེ་ཚན། གདམས་པ་གསེར་གྱི་ཕྱེ་མ།
-
-
ཀློག་གྲངས། 3375
21. དགེ་བཤེས་ཤ་ར་བའི་ཞལ་ནས། རབ་ཏུ་བྱུང་བ་བྱ་བ་སོ་ནམ་རྣམ་བཞི་སྤངས་པ་ཞིག་ལ་ཟེར་བ་ཡིན། དགེ་སློང་བྱ་བ་འདོད་པ་སྤངས་པ་ཞིག་ལ་ཟེར་བ་ཡིན། བྱང་ཆུབ་སེམས་དཔའ་བྱ་བ་རང་དོན་སྤངས་པ་ཞིག་ལ་ཟེར་བ་ཡིན། སྒོམ་ཆེན་བྱ་བ་འདུ་འཛི་སྤངས་པ་ཞིག་ལ་ཟེར་བ་ཡིན་གསུངས། |
22. དགེ་བཤེས་ཤ་ར་བའི་ཞལ་ནས། ཆོས་བོར་བའི་བདེ་བ་ལ་སྔར་གྱི་བདེ་བ་ལས་ལྷག་པ་ཡང་མེད་ལ། འདིར་ཆོས་བོར་ན་ཕྱི་མ་ཕན་ཆད་དུ་སྡུག་བསྔལ་མུ་མཐའ་མེད་པ་ཉམས་སུ་བླང་དགོས་པ་ཡང་བསམ། རང་གིས་རྩོལ་བ་མ་བྱས་ན་ཉོན་མོངས་པས་ཀྱང་སྙིང་རྗེ་མི་བལྟ། གཉེན་པོ་ཡང་ཁྱོད་ཀྱིས་སྒོམ་མི་ནུས་པས་ངེད་རང་རྫོགས་པར་བྱེད་ཟེར་ནས་མི་འོང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་གིས་ཀྱང་སྐྱོབ་པར་མི་ནུས། |
23. དགེ་བཤེས་ཤ་ར་བའི་ཞལ་ནས། སྤྱིར་ལེགས་ཉེས་ཅི་བྱུང་ཡང་ཆོས་ལ་བརྟེན་པ་དེའི་ནང་ནས་ཀྱང་འདུལ་བ་ནས་ཇི་ལྟར་འབྱུང་བ་ལ་བརྟེན་ན་བལྡབ་ཀྱང་མི་དགོས་པ་ཞེ་གཙང་བ་བརྟག་ཐུབ་པ་ཉམས་དགའ་བ་མཐའ་བཟང་བ་ཡིན། |
24. དགེ་བཤེས་མཆད་ཀ་པའི་ཞལ་ནས། ལོ་དྲུག་ཅུ་ལ་ལྟོ་རྒྱབ་དང་གཉིད་དང་ན་ཚས་བཅད་པའི་ཤོལ་ན་ཆོས་སུ་འགྲོ་བ་ལོ་ལྔ་ལས་མེད། |
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
༢༠༡༩།༠༧།༢༨ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས།