- མདུན་ངོས།
- རྒྱུད་སྟོད་སྨད་ཀྱི་མཁན་པོ་མཁན་ཟུར།
- Details
- དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།
- སྡེ་ཚན། རྒྱུད་སྟོད་སྨད་ཀྱི་མཁན་པོ་ངོ་སྤྲོད།
- ཀློག་གྲངས། 4765
རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཨོ་རྒྱན་ཚེ་བརྟན་མཆོག་ནི། ༡༩༡༥ ལོར་བྲག་གཡབ་ཏུ་འཁྲུངས། དགུང་ལོ་བཅུ་བདུན་སྟེང་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་ཏེ། གཞུང་ཆེན་ཐུགས་གཉེར་གནང་། གདན་སར་ཕེབས་ནས་ཡུན་རིང་མ་སོང་བར་དགེ་ཚུལ་གྱི་སྡོམ་པ་བཞེས།
མཚན་ལ་ཡེ་ཤེས་བསོད་ནམས་གསོལ། ༡༩༥༨ ལོར་ལྷ་རམས་ཨང་གསུམ་པའི་མཚན་གནས་བཞེས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་ཆེན་ཁག་ལ་གསན་བསམ་སློབ་གཉེར་གྲུབ་སྟེ་ལྷ་རམས་པའི་གྲྭ་སྐོར་གནང་སྐབས། སེ་རའི་རྡོ་གཅལ་ཆེན་མོའི་སྟེང་རྗེ་འདི་ཉིད་ཀྱིས་དབུ་མའི་གཞུང་ལ་བགྲོ་གླེང་ཕུལ།
༡༩༥༩ ལོར་རྒྱུད་སྨད་གྲྭ་ཚང་དུ་ཞུགས་ཏེ། ཆོས་ཐོག་འགྲིམ་སྐབས་བོད་རྒྱའི་དུས་ཟིང་གི་རྐྱེན་གྱིས་འཕགས་ཡུལ་དུ་ཕེབས། སྦག་སར་བྱེས་པ་གྲྭ་ཚང་གི་དགེ་བསྐོས་གནང་ཞིང་དོན་གཉེར་ཅན་མང་པོར་དཔེ་ཁྲིད་གནང་། ༡༩༦༢ ལོར་རྒྱུད་སྨད་གྲྭ་ཚང་གི་དགེ་བསྐོས་གནང་ཞིང་། གདུལ་བྱ་མང་པོར་དབང་ལུང་ཁྲིད་ཀྱི་ཆོས་ཆར་ཕབ་པ་དང་། བསྒྲུབ་བྱ་མང་པོར་དགེ་ཚུལ་སློང་གི་བསླབ་སྡོམ་གནང་།
༡༩༦༦ ལོར་༧གོང་ས་མཆོག་དང་རང་གཞུང་གི་བཀའ་དགོངས་བཞིན་ཡོ་རོབ་སོགས་དང་། སུ་ཛ་ལན་ཌའི་ནང་དུ་རི་ཀོང་ཆོས་འཁོར་གླིང་ཕྱག་འདེབས་པར་ཕེབས། ༡༩༧༥ ལོར་༧གོང་ས་མཆོག་གིས་བཀའ་གནང་བ་ལྟར་རྒྱུད་སྨད་བླ་མ་དབུ་མཛད་དང་མཁན་པོ་གནང་། ༢༠༠༧ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།
༢༠༡༥.༠༨.༠༦ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས།
དྲ་ཚིགས་ཀྱི་ཡིག་ཆ་དག་འདི་ག་རྩོམ་སྒྲིག་ཁང་ལ་དབང་བས་བརྒྱུད་འགོད་བྱ་དགོས་ཚེ་[སེར་བྱེས་རིག་མཛོད་ཆེན་མོ་ལས་དྲངས་]ཞེས་རྩོམ་ཁུངས་ཁ་གསལ་འགོད་དགོས།
རྒྱུད་སྟོད་སྨད་ཀྱི་མཁན་པོ་མཁན་ཟུར།
རྒྱུད་སྨད་མཁན་པོ་དགེ་བཤེས་བློ་བཟང་དབང་འདུས།
སྡེ་ཚན། : རྒྱུད་སྟོད་སྨད་ཀྱི་མཁན་པོ་ངོ་སྤྲོད། | ཀློག་གྲངས། 837
རྒྱུད་སྨད་མཁན་ཟུར་སྐལ་བཟང་རྣམ་རྒྱལ།
སྡེ་ཚན། : རྒྱུད་སྟོད་སྨད་ཀྱི་མཁན་པོ་ངོ་སྤྲོད། | ཀློག་གྲངས། 5000
རྒྱུད་སྨད་མཁན་ཟུར་རྗེ་བཙུན་ཨོ་རྒྱན་ཚེ་བརྟན།
སྡེ་ཚན། : རྒྱུད་སྟོད་སྨད་ཀྱི་མཁན་པོ་ངོ་སྤྲོད། | ཀློག་གྲངས། 4765
རྒྱུད་སྨད་མཁན་ཟུར་རྡོ་རྗེ་བཀྲ་ཤིས།
སྡེ་ཚན། : རྒྱུད་སྟོད་སྨད་ཀྱི་མཁན་པོ་ངོ་སྤྲོད། | ཀློག་གྲངས། 4528
རྒྱུད་སྟོད་མཁན་ཟུར་བསྟན་འཛིན་འབྱུང་གནས།
སྡེ་ཚན། : རྒྱུད་སྟོད་སྨད་ཀྱི་མཁན་པོ་ངོ་སྤྲོད། | ཀློག་གྲངས། 3615
རྒྱུད་སྨད་མཁན་ཟུར་བློ་བཟང་བདེ་ལེགས།
སྡེ་ཚན། : རྒྱུད་སྟོད་སྨད་ཀྱི་མཁན་པོ་ངོ་སྤྲོད། | ཀློག་གྲངས། 879