སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

སྒྲ་ཨང་། KADZPT203039
མཁས་པ་གཞན། [གཞུང་ཆེན།] སྤྱིའི་ཨང་། ༤༦
རྣམ་པ། MP3 རྣམ་གྲངས། 42 ཆེ་ཆུང་། 916.1 MB
ཁྲིད་གཞུང་། རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན།
མཛད་པ་པོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།[༡༤༦༩-༡༥༤༤]
འཁྲིད་མཁན། མཁན་ཟུར་བློ་བཟང་བདེ་ལེགས་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༣ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་བརྒྱད་པའི་ཚེས་བཅུ་དགུ་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་ཟུར་བློ་བཟང་བདེ་ལེགས་མཆོག་ནི། ཕྱི་ལོ་༡༩༣༩ ལོར་དཀར་མཛེས་སུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྐབས་ནས་གཞུང་ཆེན་ཐུགས་འཛིན་དང་། དཀར་དགོན་མཚན་ཉིད་གྲྭ་ཚང་གི་ཆོས་སྒོར་ཞུགས། ཆུང་དུས་ཀྱི་མཚན་ལ་བློ་བཟང་བདེ་ལེགས་དང་། དགུང་ལོ་བཅུ་གཅིག་གི་སྐབས་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མཚན་ལ་ངག་དབང་བཟོད་པ་གསོལ། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་ཕེབས་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་གནང་། ༡༩༥༩ ལོར་བྱེས་སུ་ཕེབས་ཏེ་སྦག་སར་མུ་མཐུད་ནས་སློབ་གཉེར་གནང་། ༡༩༦༨ ལོར་རྡ་སའི་གཙུག་ལག་ཁང་དུ་༧གོང་ས་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས། ༡༩༨༢ ལོར་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས། ༢༠༠༥ ལོར་རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས། ༢༠༡༢ ལོར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས། ༢༠༡༦ ལོར་མཁན་པོ་ལས་དགོངས་ཞུ་དང་། རྒྱུན་དུ་དོན་གཉེར་ཅན་མང་པོ་དཔེ་ཁྲིད་དང་ལུང་ཆོས་མན་ངག་གིས་སྐྱོང་བཞིན་བཞུགས་པ་ལགས་སོ། །[རྣམ་ཐར་འདི་ལས་ཅུང་རྒྱས་པ་ཞིག་མཁན་རབས་རིམ་བྱོན་གྱི་ངོ་སྤྲོད་དུ་བཀོད་ཡོད་པས་དེར་གཟིགས་པར་ཞུ།]

ངོ་ཤོག 498 ནས་ 680