- མདུན་ངོས།
- རྣམ་ཐར་སོགས།
- རྟོགས་བརྗོད།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
གབ་ཚིག་གཞོན་ནུའི་བློ་གྲོས་སྒོ་འབྱེད།
མཛད་པ་པོ། དཀོན་མཆོག་བློ་གྲོས་རྒྱ་མཚོ།
བརྗོད་བྱ། གབ་ཚིག་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0181
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 429KB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
གསལ་བཤད་མདོར་བསྡུས། དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ་ནི། ཕྱི་ལོ་༡༨༩༠ ལོར་མདོ་སྨད་རེབ་གོང་ཕྱོགས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་དཔྱི་སའི་བན་གྱའི་གྲྭ་རྒྱུན་དུ་ཞུགས། དགུང་ལོ་བཅོ་བརྒྱད་པར་རྗོང་དཀར་དུ་ཕེབས་ཏེ་གཙང་དགེ་བཤེས་ལས་སྔ་ཕྱིར་དཔེ་ཁྲིད་མང་དུ་གསན། དགུང་ལོ་ཉི་ཤུ་པར་ལྡེ་ཚ་དགོན་དུ་ཕེབས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་བསྟེན་ཏེ་གཞུང་ལ་སྦྱངས། དགུང་ལོ་བཞི་བཅུ་པར་ཀ་རིང་ཨེ་ཝཾ་གླིང་དུ་ཕེབས་པ་ནས་བཟུང་ཡོངས་འཛིན་བློ་བཟང་དཔལ་ལྡན་སོགས་བསྟེན་ཏེ་མདོ་རྒྱུད་ལ་སྦྱངས་པ་མཛད། དཔྱི་ས་དགོན་དགེ་བྱེད་གླིང་གསར་འདེབས་མཛད། ཕྱི་ལོ་༡༩༥༩ ལོར་རྒྱའི་བཙོན་འོག་ཏུ་སྐུ་གཤེགས། ཁོང་གི་གསུང་རྩོམ་ལ། རྩོད་ཡིག་གསང་འཛིན་མཚོན་ཆའི་འཁོར་ལོ་སོགས་ཡོད།
PDF ཕབ་ལེན། |
---|