- མདུན་ངོས།
- རྣམ་ཐར་སོགས།
- རྟོགས་བརྗོད།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
བཀའ་ཆེམས་ཀ་ཁོལ་མ།
མཛད་པ་པོ། ཆོས་རྒྱལ་སྲོང་བཙན་སྒམ་པོ།
བརྗོད་བྱ། བོད་ཀྱི་ལོ་རྒྱུས་ཀྱི་བྱུང་བ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0224
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 1.6MB
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ལོའི་ཟླ་བདུན་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༢ ཟླ་ ༧ ཚེས་ ༡༨ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། འཁྲུངས་འདས་ཀྱི་སྐོར་ལ་མི་མཐུན་པ་མང་ན་ཡང་། དུང་དཀར་ཚིག་མཛོད་དུ། ཕྱི་ལོ་༦༡༧ ལོར་འཁྲུངས་པ་དང་། ༦༥༠ ལོར་སྐུ་གཤེགས་པར་བཤད། རྒྱལ་པོ་འདི་སྐུ་ན་ཕྲ་བའི་སྐབས་ནས་རྒྱལ་སྲིད་བཟུང་སྟེ། ཕྱི་ནང་གི་དུས་ཟིང་ལྷིང་འཇགས་དང་། རྒྱལ་ཕྲན་ཁ་ཐོར་ཚང་མ་མངའ་འོག་ཏུ་བསྡུས་ཏེ་བོད་རྒྱལ་ཁབ་གཅིག་གྱུར། པོ་ཏཱ་ལའི་རི་ལ་ཕོ་བྲང་བརྩིགས་ཤིང་། བོད་ཡིག་གི་སྲོལ་བཏོད། དམ་པའི་ཆོས་ཐོག་མར་བོད་ཡིག་ཏུ་བསྒྱུར། བཀའ་ཡི་ཁྲིམས་ཡིག་ཆེན་པོ་རྣམ་དྲུག་མཛད། རྒྱལ་ཁབ་གཞན་ནས་ཆོས་དང༌། སྨན། རྩིས། སྒྱུ་རྩལ། དཔལ་འབྱོར་སོགས་ཀྱི་སྲོལ་རྒྱུན་སྣ་ཚོགས་བོད་དུ་དྲངས། བོད་ཁམས་དར་ཞིང་རྒྱས་པར་གྱུར་ཅིང༌། རྗེ་འདི་དང་མོང་བཟའ་གཉིས་ལ་སྲས་གུང་རི་གུང་བཙན་བྱུང་ཡང་ཡབ་རྗེའི་གོང་དུ་འདས་པས་རྒྱལ་ས་དབོན་སྲས་མང་སྲོང་མང་བཙན་ལ་བསྐུར། དེ་དག་གི་ལོ་ཚིགས་ལ་བཞེད་ཚུལ་མི་འདྲ་བ་མང་ངོ་། །
PDF ཕབ་ལེན། |
---|