སེར་བྱེས་རིག་མཛོད་ཆེན་མོ།

སེར་བྱེས་རིག་མཛོད་ཆེན་མོ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com

2020 ལོའི་ཟླ་བ། Aug ཚེས། 22 རེས་གཟའ། Sat

དབུ་མ་ལ་འཇུག་པ་དང་དབུ་མ་ཤེས་རབ་ལ་འཇུག་པ།

sjrb-0016མཛད་པ་པོ། དཔལ་ལྡན་ཟླ་བ་གྲགས་པ།
ཆོས་ཚན་གྲངས།
གཉིས།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0016
རྣམ་པ།
PDF
ལྗིད་ཚད།
720KB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༥ ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ཟླ་ ༨ ཚེས་ ༢༢ ལ་བསྐྱར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

དཔལ་ལྡན་ཟླ་བ་གྲགས་པ། འཁྲུངས་ཡུལ་རྒྱ་གར་ལྷོ་ཕྱོགས་ས་མནྟར་ཡིན་ཅིང་། ཆུང་དུས་ནས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། ལྷོ་ཕྱོགས་ཀྱི་རྒྱུད་དེ་ཉིད་དུ་རབ་ཏུ་བྱུང་། སློབ་དཔོན་ཀླུ་སྒྲུབ་དང་། སློབ་དཔོན་སངས་རྒྱས་བསྐྱངས་སོགས་ལས་མདོ་སྔགས་ཀྱི་ཆོས་མང་པོ་གསན་ཅིང་། ལྷག་པར་དུ་དབུ་མའི་གཞུང་དང་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་པ་མཛད། ན་ལེནྡྲའི་མཁན་པོ་ཡུན་རིང་དུ་མཛད། ལྷོ་ཕྱོགས་ཀྱི་རྒྱུད་དུ་ལྷ་ཁང་དང་དགོན་པ་མང་པོ་བཏབ། སྐུ་ཚེ་རིང་པོ་བཞུགས། སློབ་མ་གྲགས་ཆེ་བ། རིགས་པའི་ཁུ་བྱུག་ཆེ་བ་སོགས་མང་དུ་བྱུང་། མདོ་སྔགས་གཉིས་ཀྱི་བསྟན་བཅོས་གང་མང་བརྩམས་ཤིང་། བོད་འགྱུར་ལ། སྣར་ཐང་བསྟན་འགྱུར་གྱི་མདོ་ཕྱོགས་ཀྱི་པོད། [འ][ཡ] གཉིས་དང་། གསང་སྔགས་ཀྱི་སྐོར། སྣར་ཐང་བསྟན་འགྱུར་གྱི་པོད། [ཤ] རྣམས་སུ་ཡོད། སློབ་དཔོན་འདིའི་ལོ་རྒྱུས་སྐོར། བུ་སྟོན་ཆོས་འབྱུང་དང་། ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་གཉིས་སུ་གསལ།

ཕབ་ལེན།   PDF  ཕབ་ལེན།

ངོ་ཤོག 625 ནས་ 682