- མདུན་ངོས།
- ཕར་ཕྱིན།
- བསམ་གཟུགས།
- སེར་བྱེས་རིག་མཛོད་ཆེན་མོ།
སེར་བྱེས་རིག་མཛོད་ཆེན་མོ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་ (laptop, iPad, iPod iPhone & Android) སོགས་ཀྱི་ནང་དུ་ཐུགས་འདོད་ལྟར་ཕབ་ལེན་དང་གཟིགས་ཀློག་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org གློག་འཕྲིན་ཁ་བྱང་། serajeyrigzodchenmo@gmail.com
༢༠༢༢ ལོའི་སྟོན་ཆོས་གཉིས་པའི་མཛད་རིམ།
༢༠༢༢ ལོའི་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྟོན་ཆོས་གཉིས་པའི་ཆོས་རའི་མཛད་རིམ། | |||||
---|---|---|---|---|---|
བོད་ཟླ། | བོད་ཚེས། | ཕྱི་ཟླ། | ཕྱི་ཚེས། | རེས་གཟའ། | ཉིན་རེའི་མཛད་རིམ། |
༠༨ | ༠༧ | 10 | 02 | ཉི་མ། | ཆོས་རྒྱུགས། |
༠༨ | ༠༨ | 10 | 03 | ཟླ་བ། | ཆོས་ར་ཡར་ཚོགས། |
༠༨ | ༠༩ | 10 | 04 | མིག་དམར། | གུང་སེང་། |
༠༨ | ༡༠ | 10 | 05 | ལྷག་པ། | ཤིང་སློང་། ཁང་ཚན། དབུ་མ། |
༠༨ | ༡༡ | 10 | 06 | ཕུར་བུ། | ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར། |
༠༨ | ༡༣ | 10 | 07 | པ་སངས། | ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར། |
༠༨ | ༡༤ | 10 | 08 | སྤེན་པ། | ཞོགས་པར་ཆོས་འདོན། དགོང་མོར་ཆོས་ར། |
༠༨ | ༡༥ | 10 | 09 | ཉི་མ། | ཞོགས་པར་ཆོས་འདོན། དགོང་མོར་དུས་བཟང་ཆེན་མོ། |
༠༨ | ༡༦ | 10 | 10 | ཟླ་བ། | གསོ་སྦྱོང་། སྔ་དགོང་གཉིས་ཆོས་ར། |
༠༨ | ༡༧ | 10 | 11 | མིག་དམར། | གུང་སེང་། |
༠༨ | ༡༨ | 10 | 12 | ལྷག་པ། | སྔ་དགོང་གཉིས་ཆོས་ར། |
༠༨ | ༡༩ | 10 | 13 | ཕུར་བུ། | སྔ་དགོང་གཉིས་ཆོས་ར། |
༠༨ | ༢༠ | 10 | 14 | པ་སངས། | སྔ་དགོང་གཉིས་ཆོས་ར། |
༠༨ | ༢༡ | 10 | 15 | སྤེན་པ། | སྔ་དགོང་གཉིས་ཆོས་ར། |
༠༨ | ༢༢ | 10 | 16 | ཉི་མ། | སྔ་དགོང་གཉིས་ཆོས་ར། |
༠༨ | ༢༣ | 10 | 17 | ཟླ་བ། | ཤིང་སློང་། ཁང་ཚན། ཕར་ཕྱིན། |
༠༨ | ༢༣ | 10 | 18 | མིག་དམར། | གུང་སེང་། |
༠༨ | ༢༤ | 10 | 19 | ལྷག་པ། | སྔ་དགོང་གཉིས་ཆོས་ར། |
༠༨ | ༢༥ | 10 | 20 | ཕུར་བུ། | ཞོགས་པར་ཆོས་འདོན། དགོང་མོར་དུས་བཟང་ཆེན་མོ། |
༠༨ | ༢༦ | 10 | 21 | པ་སངས། | སྔ་དགོང་གཉིས་ཆོས་ར། |
༠༨ | ༢༧ | 10 | 22 | སྤེན་པ། | སྔ་དགོང་གཉིས་ཆོས་ར། |
༠༨ | ༢༨ | 10 | 23 | ཉི་མ། | སྔ་དགོང་གཉིས་ཆོས་ར། |
༠༨ | ༢༩ | 10 | 24 | ཟླ་བ། | སྔ་དགོང་གཉིས་ཆོས་ར། |
༠༨ | ༣༠ | 10 | 25 | མིག་དམར། | གུང་སེང་། |
༠༩ | ༠༡ | 10 | 26 | ལྷག་པ། | སྔ་དགོང་གཉིས་ཆོས་ར། |
༠༩ | ༠༢ | 10 | 27 | ཕུར་བུ། | སྔ་དགོང་གཉིས་ཆོས་ར། |
༠༩ | ༠༣ | 10 | 28 | པ་སངས། | ཞོགས་པར་སྒྲོལ་འདོན། དགོང་མོར་ཆོས་ར། |
༠༩ | ༠༤ | 10 | 29 | སྤེན་པ། | ཞོགས་པར་སྒྲོལ་འདོན། དགོང་མོར་ཆོས་ར། |
༠༩ | ༠༥ | 10 | 30 | ཉི་མ། | ཞོགས་པར་སྒྲོལ་འདོན། དགོང་མོར་ཆོས་ར། |
༠༩ | ༠༧ | 10 | 31 | ཟླ་བ། | ཆོས་ར་མར་གྲོལ། |
|
བོད་ཟླ་ ༩ ཚེས་ ༨ ནས་བོད་ཟླ་ ༩ ཚེས་ ༡༦ བར་དང་། |
||||
༢༠༢༢-༩-༢༤ ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཁང་ནས། སྒྲིག་བཟོ་བ། དགེ་བཤེས་སྐལ་བཟང་ཐར་འདོད། |