-
མདུན་ངོས།
- གཞུང་ཆེན་ཁག

གཞུང་ཆེན་ཁག (165)
ཚད་མ་གྲུབ་པའི་འགྲེལ་པ་ཐར་ལམ་འཇུག་ངོགས།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། ལྷ་རམས་དགེ་བཤེས་སྐལ་བཟང་བསྟན་སྐྱོང་།
བརྗོད་བྱ། ཚད་མ་རིག་པ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0472
ཡིག་ཆའི་རྣམ་པ། PDF ཤོག་གྲངས། 768 ལྗིད་ཚད། 61.8MB
རྩོམ་སྒྲིག་ཁང་། རིག་མཛོད་ཆེན་མོ།
༢༠༢༥ ཟླ་བ་བཞི་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ལྷ་རམས་པ་སྐལ་བཟང་བསྟན་སྐྱོང་། སྨྱུག་མིང་། དར་ལྕེ་ཟད་པོ། ཁམས་ནགས་ཤོད་ལུང་པར་སྐྱེས། ཤུག་ལྡིང་དགོན་དགེ་ལྡན་རྣམ་རྒྱལ་ལྷ་རྩེ་གླིང་ལ་ཐོག་མར་ཆོས་སྒོར་ཞུགས།
སློབ་གཉེར་རྒྱུད་རིམ། བོད་སེ་རྭ་དགོན་ལ་ཞུགས་ནས་དགེ་བཤེས་ངག་དབང་ཟླ་གྲགས་དང་དགེ་བཤེས་ཡེ་ཤེས་དབང་ཕྱུག་རྣམ་གཉིས་སློབ་དཔོན་དུ་བསྟེན་ནས་གཞུང་ཆེན་ལ་སྦྱངས་འགོ་བརྩམས། རྒྱ་གར་དུ་འབྱོར་ནས་སེར་བྱེས་ལྷོ་པ་ཁམས་ཚན་ལ་ཞུགས་ནས་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་དང་ཁོང་གི་སློབ་མ་ལྷོ་པ་རྒན་འབྲུག་གྲགས་དང་རྒན་བྱམས་པ་དགེ་ལེགས་གཉིས་ཀྱི་ཞབས་ལ་གཏུགས་ནས་གཞུང་ཆེན་སྦྱངས། བསམ་བློ་རྒན་ཀླུ་སྒྲུབ་ཀྱི་མདུན་ནས་བརྡ་སྤྲོད་དང་རྩོམ་རིག་སྦྱངས། གདན་ས་གསུམ་དབུ་ཕར་དགུན་ཆོས་དམ་བཅའ་ཆེན་མོ་བཞག །འཇང་དགུན་ཆོས་སུ་སེར་བྱེས་གྲྭ་ཚང་གི་ཆོས་ཐོག་རྒན་བྱས།
ཤེས་ཚད་ལག་ཁྱེར། ཕར་ཕྱིན་རབ་འབྱམས་པ་དང་དབུ་མ་རབ་འབྱམས་པ་རྩེ་ཕུད་ཨང་གསུམ་པའི་བྱ་དགའ་ཐོབ། ལྷ་རམས་ཚད་མ་རིག་པ་ཉམས་ཞིབ་ཀྱི་རྩོམ་རྒྱུགས་སྤྲད།
རྒྱུད་སྟོད་གྲྭ་ཚང་ལ་གསང་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་་ཨང་གསུམ་པ་ཐོབ། ལྷ་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་དགེ་བཤེས་དབྱིན་ཡིག་ཟབ་སྦྱོང་ལ་ཞུགས་ནས་ལག་ཁྱེེར་ཐོབ། རྒྱལ་སྤྱིའི་ཙོང་ཁ་པ་རྗེས་དྲན་ལོར་སྙན་རྩོམ་བྱ་དགའ་ཨང་དང་པོ་དང་དཔྱད་རྩོམ་བྱ་དགའ་ཨང་དང་པོའི་གཉིས་པའི་གཟེངས་བསྟོད་གཉིས་ཁོ་བོ་གཅིག་པུས་ཐོབ། པཎ་ཆེན་སྐུ་ཕྲེང་བཅུ་པ་རྗེས་དྲན་གྱི་སྙན་རྩོམ་འགྲན་བསྡུར་ཁྲོད་ནས་བྱ་དགའ་ཨང་དང་པོ་ཐོབ། ལྡི་ལི་བོད་ཁང་ནས་རྩོམ་ཡིག་འགྲན་བསྡུར་གྱི་ལམ་ནས་སློབ་ཡོན་ཐོབ་ནས་དབུ་མ་རྩ་བ་ཤེས་རབ་ཉམས་ཞིབ་ལེགས་པར་གྲུབ་ནས་<<རྩ་ཤེའི་འགྲེལ་པ་གྲགས་གསུམ་དགོངས་རྒྱན་>> ལྡི་ལི་བོད་ཁང་ནས་པར་སྐྲུན་བྱེད་ལ་ཉེ་བ་བཅས་ལོ་རྒྱུས་མཚམས་སྦྱོར་མདོར་བསྡུས།
PDF ཕབ་ལེན། |
---|
དེ་ལས་མང་བ།...
རྟ་མགྲིན་ཡང་གསང་གི་རིམ་པ་དང་པོའི་ཁྲིད་ཡིག
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། སྒྲུབ་ཁང་པ་བློ་བཟང་ཚུལ་ཁྲིམས།
བརྗོད་བྱ། རིམ་པ་དང་པོའི་ཁྲིད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0471
ཡིག་ཆའི་རྣམ་པ། PDF ཤོག་གྲངས། 101 ལྗིད་ཚད། 733KB
རྩོམ་སྒྲིག་ཁང་། རིག་མཛོད་ཆེན་མོ།
༢༠༢༥ ཟླ་བ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
དེབ་ཀྱི་ངོ་སྤྲོད། དཔལ་ཆེན་རྟ་མགྲིན་ཡང་གསང་ཁྲོས་པའི་རིམ་པ་དང་པོའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་གྱི་ཁྲིད་ཡིག་མན་ངག་བྱིན་བརླབས་བདུད་རྩིའི་ཆར་འབེབས་ཅེས་བྱ་འདི་ནི། སྒྲུབ་ཁང་བློ་བཟང་ཚུལ་ཁྲིམས་མཆོག་གི་ཐུགས་དམ་གྱི་སེང་བར་འགའ་རེར་ལྷུགས་སྩོལ་ཕྲན་ཚེགས་མཛད་མུས་སུ་དགོངས་པ་ཁྱད་པར་ཅན་གྱིས་སྐུ་ཚེ་མཐའ་མའི་མཛད་པ་བསྟེན་ཏེ་འཕྲོ་ལུས་སུ་འཇོག་པར་མཛད་པར། ཕུར་ལྕོག་པ་ཡོངས་འཛིན་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་ཚོ་མཆོག་ལ་དམ་པ་གང་དེའི་ཞབས་འབྲིང་ཕྱག་མཛོད་དང་། གཞན་ཡང་དོན་གཉེར་ཅན་མཆོག་དམན་དུ་མས་ཀྱང་། དམ་པ་གང་གི་གསུང་བཞིན་མཇུག་མཐུད་དགོས་པ་ཡང་ཡང་བསྐུལ་ཞིང་། ལེགས་བཤད་ནོར་བུའི་འཕྲེང་བའི་འཕྲོ་མཐུད་མཛད་པའོ། །
དམ་པའི་ཆོས་མངོན་པ་མཛོད་ཀྱི་མཆན་འགྲེལ་རིན་ཆེན་དོ་ཤལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།རྩ་བ་མཛད་པ་པོ། སློབ་དཔོན་དབྱིག་གཉེན།
འགྲེལ་བ་མཛད་པ་པོ། ཀུན་མཁྱེན་མི་ཕམ་པ།
བརྗོད་བྱ། མངོན་པ་མཛོད།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0470
མ་ཕྱིའི་པར་རྩ། འཇམ་དབྱངས་དྷཱི་ཡིག་སེར་པོའི་དཔེ་སྐྲུན་ཁང་གི་དེབ།
ཡིག་ཆའི་རྣམ་པ། PDF ཤོག་གྲངས། 560 ལྗིད་ཚད། 3.1MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༥ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་ནི། ༡༨༤༡ལོར་ཁམས་སྡེ་དགེའི་ཉེ་འདབས་ཡབ་མགོན་པོ་དར་རྒྱས་དང་། ཡུམ་སྲོང་ཆུང་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཉིས་ཀྱི་སྐབས་གསང་སྔགས་ཆོས་གླིང་དགོན་དུ་ཆོས་ཞུགས་མཛད། འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། དབང་ཆེན་དགྱེས་རབ་རྡོ་རྗེ། དཔལ་སྤྲུལ་འཇིགས་མེད་ཆོས་དབང་སོགས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་སྦྱངས་པ་མཐར་ཕྱིན་པར་མཛད། མདོ་སྔགས་གཞུང་ལུགས་ཀྱི་དཔྱད་འགྲེལ་བཤད་པ་སོགས་མང་དུ་མཆིས་ཤིང་། ཁྱད་པར་དུ་བཟོ་དང་། གསོ་བ། རྩིས་རིག་བཅས་ལ་ཕུལ་དུ་བྱུང་བའི་ཕྱག་རྗེས་ཆེན་པོ་བཞག །རྗེ་འདིའི་སློབ་མ་གྲགས་ཆེ་བ། རྡོ་སྤྲུལ་རྡོ་རྗེ་དང་། གཏེར་སྟོན་བསོད་རྒྱལ། ཀཿ ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་སོགས་མཁས་པ་མང་དུ་བྱུང་། ༡༩༡༢དགུང་ལོ་རེ་བདུན་པར་འཇུ་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། ཁོང་གི་གསུང་རྩོམ།
PDF ཕབ་ལེན། |
---|
འཇུག་འགྲེལ་གཞུང་གི་སྙིང་པོ་ལེན་པ་ལ་གཙོ་བོར་འབད་པའི་ངག་དོན།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། མུས་སྲས་པ་ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེ།
བརྗོད་བྱ། དབུ་མའི་ལྟ་བའི་ཆོས་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0469
ཡིག་ཆའི་རྣམ་པ། PDF པར་གཞི། དཔལ་བརྩེགས་དེབ་གཟུགས།
ཤོག་གྲངས། 116 ལྗིད་ཚད། 1.1 MB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༥ ཟླ་གཉིས་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། ཀུན་མཁྱེན་བློ་གྲོས་རིན་ཆེན་སེངྒེ་མཆོག་ནི། རབ་བྱུང་བཅུ་བཞིའི་སྨད་ཙམ་ལ་གྲུབ་ཐོབ་རྟོགས་ལྡན་ཡོན་ཏན་མགོན་པོའི་སྲས་སུ་འཁྲུངས། ཡབ་རྟོགས་ལྡན་ཡོན་ཏན་མགོན་པོ་ལས་རྟ་མགྲིན་ཡང་གསང་ལྷ་དགུའི་ཆོས་སྐོར་སོགས་གསན། དབུས་སུ་ཕེབས་ཏེ་རྗེ་བདག་ཉིད་ཆེན་པོ་སོགས་ལས་མདོ་སྔགས་ཞིབ་པར་སྦྱངས། འབྲས་སྤུངས་ནས་ཞལ་སློབ་བརྒྱ་ཕྲག་ལྷག་ཙམ་དང་ལྷན་དུ་སེ་རར་ཕེབས། བྱེས་པ་གྲྭ་ཚང་ཚུགས། དབུ་མའི་ཊཱིཀྐ་སོགས་བསྟན་བཅོས་མང་དུ་བརྩམས་པས་ཀུན་མཁྱེན་མུས་སྲད་པ་གྲགས།
གསུང་སྐྱེས་ཀྱི་སློབ་མ་ཁྲི་ཆེན་བློ་བཟང་ཉི་མ། གཉལ་སྟོན་དཔལ་འབྱོར་ལྷུན་འགྲུབ་སོགས་མང་དུ་བྱོན། དེ་ལྟར་བསྟན་པའི་མཛད་པ་མཐར་ཕྱིན་ཏེ་མཐར་དུས་རབས་བཅོ་ལྔ་པའི་དཀྱིལ་ཙམ་ལ་གཤེགས།
ཕར་ཕྱིན་སྐབས་བཞི་པའི་བསྡུས་དོན།
དྲ་འཇུག་པ། སེར་བྱེས་རིག་མཛོད་ཆེན་མོ།མཛད་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
བརྗོད་བྱ། དོན་མངོན་པར་རྟོགས་པའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0465
ཡིག་ཆའི་རྣམ་པ། PDF པར་གཞི། བཀྲས་ལྷུན་ཤིང་པར།
ཤོག་གྲངས། 65 ལྗིད་ཚད། 609KB
རྩོམ་སྒྲིག་པ། རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༢༤ ཟླ་དགུ་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། ༡༧༦༢ ལོར་མདོ་སྨད་མཛོད་དགེ་སྨད་དུ་འཁྲུངས། དགུང་ལོ་ལྔའི་སྐབས་གུང་ཐང་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བདུན་གྱི་སྐབས་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཏེ་ཆོས་སྒོར་ཞུགས་ཤིང་། ལོ་ལྔའི་རིང་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་བདུན་གྱི་སྐབས་དབུས་སུ་སློབ་གཉེར་ལ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་གསར་ནས་དབུ་ཚུགས་ཏེ། ལོ་དགུའི་རིང་གཞུང་ཆེན་སློབ་གཉེར་དང་གསན་སྦྱོང་མཛད། དགུང་ལོ་ཉེར་གཅིག་གི་སྐབས་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་དགེ་སློང་གི་སྡོམ་པ་ཞུས། དབུས་སུ་བཞུགས་རིང་མདོ་སྔགས་ཀྱི་ཆོས་རྒྱུན་སྔར་མ་གསན་པ་མང་པོ་ཞིག་གསན། དགུང་ལོ་ཉེར་ལྔའི་སྐབས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་མཛད། དགུང་ལོ་སོ་གཅིག་གི་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་གྱི་ཁྲིར་ཕེབས། མདོ་སྨད་ཀྱི་ཆོས་སྡེ་མང་པོར་ཆོས་རྒྱུན་འཆད་སྤེལ་སོགས་གནང་། སློབ་མ་ལ་སྐྱེས་ཆེན་དམ་པ་མང་པོ་བྱུང་། ༡༨༢༣ ལོར་སྐུ་གཤེགས། གསུང་རྩོམ་ལ། པོད་བརྒྱད་བཞུགས།
དབུ་མ་དགོངས་པ་རབ་གསལ།
དྲ་འཇུག་པ། རིག་མཛོད་རྩོམ་སྒྲིག་པ།མཛད་པ་པོ། རྗེ་བློ་བཟང་གྲགས་པ།
བརྗོད་བྱ། ཟབ་མོ་དབུ་མའི་ལྟ་བའི་སྐོར།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0191
ཡིག་ཆའི་རྣམ་པ། PDF ཤོག་གྲངས། 572 ལྗིད་ཚད། 2.6MB
སྒྲིག་སྦྱོར་འགྲེམ་སྤེལ། སེར་བྱེས་རིག་མཛོད་ཆེན་མོ།
༢༠༢༤ ལོའི་ཟླ་བརྒྱད་པར་གསར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། ཕྱི་ལོ་༡༣༥༧ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། དགུང་ལོ་གསུམ་པར་རྗེ་ཀརྨ་པ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་སྙིང་པོ་དང་། དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། དགུང་ལོ་བཅུ་བདུན་པར་སློབ་གཉེར་གྱི་ཆེད་དུ་དབུས་སུ་ཕེབས། དགུང་ལོ་སོ་དྲུག་གི་སྐབས་འཁོར་དག་པ་རྣམ་བརྒྱད་དང་བཅས་འོལ་ཁར་སྒྲུབ་པ་གཙོ་བོར་མཛད། དགུང་ལོ་སོ་བདུན་པར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད། དགུང་ལོ་སོ་དགུ་པར་གཉལ་གྱི་ལུང་རར་ཆོས་འཁོར་བསྐོར། དགུང་ལོ་ང་གཉིས་ཀྱི་སྐབས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས། དགུང་ལོ་ང་གསུམ་གྱི་སྐབས་དགའ་ལྡན་དགོན་པ་བཏབ། དགུང་ལོ་ང་དགུའི་སྐབས། དགའ་ལྡན་དུ་སྟག་རྩེའི་སྒྲུབ་མཆོད་སྤེལ། སློབ་མ་གྲགས་ཆེ་བ། རྒྱལ་ཚབ་དར་མ་རིན་ཆེན་སོགས་མང་དུ་བྱུང་། ༡༤༡༩ ལོར་སྐུ་གཤེགས། གསུང་རྩོམ་ལ། བྱང་ཆུབ་ལམ་རིམ་སོགས་པོ་ཏི་བཅུ་དགུ་བཞུགས།