རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2022 ལོའི་ཟླ་བ། Jan ཚེས། 31 རེས་གཟའ། Mon

རྒྱལ་ཚབ་རྗེའི་གསུང་འབུམ། [ཀ]

sjrb-0368མཛད་པ་པོ། རྒྱལ་ཚབ་དར་མ་རིན་ཆེན། 
པར་གཞི།
བཀྲ་ཤིས་ལྷུན་པོའི་ཤིང་པར་ལ་གཞི་བྱས།
ཆོས་ཚན། གསང་བ་འདུས་པའི་དཀྱིལ་ཆོག་སོགས།
རིག་མཛོད་དེབ་ཨང་།
SJRB-0368
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 3.5MB
༢༠༢༢ ཟླ་བ་དང་པོར་གསར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།
རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ་པོད་ཀ་པ་འདིའི་ནང་དུ། ༡ དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་དངོས་གྲུབ་ཀྱི་སྙེ་མ། ༢ དཔལ་དུས་ཀྱི་འཁོར་ལོའི་ལམ་རིམ་པ་གཉིས་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་བདེ་བ་ཆེན་པོའི་ལམ་དུ་མྱུར་དུ་འཇུག་པ། ༣ དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་ལེའུའི་ཕྱག་རྒྱ་བཞིའི་ཟིན་བྲིས། ༤ སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་ཀུན་ཏུ་བཟང་པོའི་ཚིག་གི་དོན་རྗེའི་གསུང་བཞིན་དུ་བརྗེད་བྱང་དུ་བཀོད་པ། ༥ བདེན་གཉིས་ཀྱི་རྣམ་གཞག་དང་ལྟ་བའི་ཁྲིད་ཡིག་རིན་པོ་ཆེའི་ཕྲེང་བ། ༦ དབུ་མ་རྩ་བའི་དཀའ་གནས་ཆེན་པོ་བརྒྱད་ཀྱི་བརྗེད་བྱང་། ༧ དབུ་མ་རིན་ཆེན་ཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ། ༨ དབུ་མ་བཞི་བརྒྱ་པའི་རྣམ་བཤད་ལེགས་བཤད་སྙིང་པོ། ༩ སངས་རྒྱས་སུམ་ཅུ་སོ་ལྔའི་མཚན་གྱི་ཕན་ཡོན་བཅས་ཆོས་ཚན་དགུ་ལྷན་དུ་བཞུགས།

PDF       ཕབ་ལེན།
ངོ་ཤོག 144 ནས་ 900