- མདུན་ངོས།
- ཕར་ཕྱིན།
- རྟེན་འབྲེལ།
- རིག་མཛོད་རྩོམ་སྒྲིག་པ།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན།
མཛད་པ་པོ། མཁས་གྲུབ་ནོར་བཟང་རྒྱ་མཚོ།
བརྗོད་བྱ། དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ།
རིག་མཛོད་འཕྲུལ་དེབ་ཨང་། SJRB-0233
ཡིག་ཆའི་རྣམ་པ། PDF
ལྗིད་ཚད། 3.2 MB
རྩོམ་སྒྲིག་ཁང་། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༩ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༠ ལོའི་ཟླ་ ༨ ཚེས་ ༣ ལ་བསྐྱར་དུ་རྩོམ་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
མཁས་གྲུབ་ནོར་བཟང་རྒྱ་མཚོ་ནི། ཕྱི་ལོ་ ༡༤༢༣ ལོར་གཙང་རྟ་ནག་རང་བྱུང་དུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ལ་ཆོས་རྗེ་བློ་གྲོས་མགོན་ལས་རབ་བྱུང་བསྒྲུབས། སློབ་དཔོན་གྲགས་པ་བཟང་པོའི་ཞབས་ལ་གཏུགས་ཏེ་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་དང་། རྒྱལ་བ་དགེ་འདུན་གྲུབ་པ་ལས་བསྐྱར་དུ་ཕར་ཕྱིན་སོགས་ལ་སྦྱངས་ཤིང་གསང་ཕུ་སོགས་སུ་གྲྭ་སྐོར་མཛད། དགུང་ལོ་སོ་ལྔ་པ་ལ་ཁྲི་ཆེན་བློ་གྲོས་ཆོས་སྐྱོང་ལས་བསྙེན་པར་རྫོགས། དགུང་ལོ་སོ་བདུན་པ་ལ་དབེན་གནས་འགྲིམས་ནས་ལོ་བཞི་བཅུ་ཙམ་གྱི་རིང་ལ་སྒྲུབ་པ་ཉམས་ལེན་གནང་། དགུང་ལོ་གོ་གཅིག་པ་ཕྱི་ལོ་ ༡༥༡༣ ལོར་སྐུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ལྔ་བཅུ་ང་བདུན་པ་ཡིན། ཁོང་གི་གསུང་རྩོམ་ལ། དུས་འཁོར་སྤྱི་དོན་དྲི་མེད་འོད་རྒྱན་སོགས་ཡོད།
PDF ཕབ་ལེན། |
---|