- མདུན་ངོས།
- ཕར་ཕྱིན།
- རྟེན་འབྲེལ།
- རིག་མཛོད་རྩོམ་སྒྲིག་པ།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། ལམ་རིམ་འཇམ་དཔལ་ཞལ་ལུང་། [ཀ]
སྒྲ་ཨང་། KADLL202030
མཁས་པ་གཞན། [ལམ་རིམ་བློ་སྦྱོང་།] སྤྱིའི་ཨང་། ༣༧
རྣམ་པ། MP3 རྣམ་གྲངས། 69 ཆེ་ཆུང་། 920.9 MB
ཁྲིད་གཞུང་། ལམ་རིམ་འཇམ་དཔལ་ཞལ་ལུང་།
མཛད་པ་པོ། རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོ། [༡༦༡༧-༡༦༨༢]
བརྗོད་བྱ། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ།
འཁྲིད་མཁན། མཁན་ཟུར་བཀའ་འགྱུར་བ།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༢ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་ཟུར་བཀའ་འགྱུར་བ་བློ་བཟང་ཐུབ་བསྟན་མཆོག་ནི། ཕྱི་ལོ་༡༩༢༤ ལོར་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྐབས་དར་རྒྱས་དགོན་དུ་རབ་ཏུ་བྱུང་། དགུང་ལོ་བཅོ་བརྒྱད་སྟེང་དབུས་སུ་ཕེབས་ཏེ། སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་སློབ་གཉེར་གནང་། ༥༩ ལོར་འཕགས་ཡུལ་དུ་ཕེབས། ༦༤ ལོར་སྦག་ས་ཆོས་སྒར་དུ་ལྷ་རམས་དམ་འཇོག་དང་ལྷ་རམས་ཨང་གཉིས་པའི་མཚན་གནས་བཞེས། ༦༥ ལོར་ཝཱ་ར་ཎ་སིའི་མཐོ་སློབ་གསར་འཛུགས་སྐབས་སློབ་དཔོན་འོས་སྦྱོང་དུ་ཕེབས། ༧༢ ལོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་འགྱུར་གྱི་ལུང་རྒྱུན་གནང་བར་བརྟེན། གཞུང་གིས་བཀའ་འགྱུར་བླ་མ་ཞེས་པའི་མཚན་གནས་གནང་། ༨༣ ལོར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས། སྐུ་ཚེ་གང་པོར་ཕྱི་ནང་གི་དོན་གཉེར་ཅན་རྣམས་ལ་ལུང་ཆོས་མན་ངག་སོགས་ཀྱིས་བརྩེ་བར་བསྐྱངས། ༢༠༡༤ ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མཛད།
1. ཁྲིད་གཞུང་། ལམ་རིམ་འཇམ་དཔལ་ཞལ་ལུང་། |