- མདུན་ངོས།
- ཕར་ཕྱིན།
- རྟེན་འབྲེལ།
- རིག་མཛོད་རྩོམ་སྒྲིག་པ།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། [ཅ]
སྒྲ་ཨང་། KADLL2000130
མཁས་པ་གཞན། [ལམ་རིམ་བློ་སྦྱོང་།] སྤྱིའི་ཨང་། ༢༢༨
རྣམ་པ། MP3 རྣམ་གྲངས། 472 ཆེ་ཆུང་། 5.54 GB
ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ།
མཛད་པ་པོ། རྗེ་བློ་བཟང་གྲགས་པ། [༡༣༥༧-༡༤༡༩]
འཁྲིད་མཁན། རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ་སྐུ་གོང་མ།
འཁྲིད་ཡུལ། འཕགས་ཡུལ་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་།
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༦།༡༡ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་བདུན་པའི་ཚེས་ཉེར་དྲུག་ལ་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
ཡོངས་འཛིན་གླིང་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་མཆོག་ནི། ༡༩༠༣ ལོར་སྐུ་འཁྲུངས། གླིང་ཚང་སྐུ་ཕྲེང་ལྔ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དང་། དགུང་ལོ་བཅུའི་སྐབས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་རྩ་བཞིའི་སྟེང་དགེ་བཤེས་ལྷ་རམས་པ་ཨང་གཉིས་པའི་མཚན་རྟགས་བཞེས། ལོ་དེར་རྒྱུད་སྟོད་དུ་ཞུགས། ༡༩༣༡ ལོར་རྒྱུད་སྟོད་དགེ་བསྐོས་དང་། བླ་མ་དབུ་མཛད་ལོ་གཉིས་དང་རྒྱུད་སྟོད་མཁན་པོ་ལོ་གསུམ་གནང་། རྒྱལ་དབང་བཅུ་གསུམ་པའི་སྐུ་གདུང་ཞབས་ཞུ་དང་གསུང་འབུམ་ཕྱོགས་སྒྲིག་གི་ཐུགས་འགན་བཞེས། ༡༩༤༠ ལོར་༧གོང་ས་༧རྒྱལ་བའི་དབང་པོ་བཅུ་བཞི་པ་མཆོག་གི་མཚན་ཞབས་དང་རྗེས་སུ་ཡོངས་འཛིན། ཤར་པ་ཆོས་རྗེ་གནང་། ༡༩༥༩ ལོར་འཕགས་ཡུལ་དུ་ཕེབས་ཤིང་བསྟན་འགྲོའི་དོན་རྒྱ་ཆེར་མཛད། ༡༩༦༤ ལོར་དགའ་ལྡན་ཁྲི་ཐོག་གོ་བདུན་པའི་མཚན་ཁུར་བཞེས། བསྟན་འགྲོའི་དོན་དུ་ཕྱི་རྒྱལ་ཡུལ་གྲུ་མང་པོར་ཕེབས། ༡༩༨༣ ལོར་འཕགས་ཡུལ་དུ་སྐུ་གཤེགས།
1. ཁྲིད་གཞུང་། བྱང་ཆུབ་ལམ་རིམ་ཆེན་མོ། |