- མདུན་ངོས།
- ཕར་ཕྱིན།
- རྟེན་འབྲེལ།
- རིག་མཛོད་རྩོམ་སྒྲིག་པ།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། སྐུ་གསུམ་ལམ་འཁྱེར་རབ་གསལ་སྒྲོན་མེ། [ག]
སྒྲ་ཨང་། KADSK204058
མཁས་པ་གཞན། [གསང་སྔགས།] སྤྱིའི་ཨང་། ༦༥
རྣམ་པ། MP3 རྣམ་གྲངས། 50 ཆེ་ཆུང་། 491.8 MB
འཁྲིད་གཞུང་། སྐུ་གསུམ་གྱི་རྣམ་གཞག་རབ་གསལ་སྒྲོན་མེ།
མཛད་པ་པོ། དབྱངས་ཅན་དགའ་བའི་བློ་གྲོས། [༡༧༤༠-༡༨༢༧]
བརྗོད་བྱ། གཞི་དུས་ཀྱི་སྐྱེ་ཤི་བར་དོ་ལམ་དུ་འཁྱེར་ཚུལ།
འཁྲིད་མཁན། མཁན་ཟུར་དགེ་འདུན་ཆོས་འཕེལ་མཆོག
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༢༥ ལ་གསར་དུ་སྒྲིག་སྦྱོར་བྱས།
༢༠༡༩ ལོའི་ཟླ་ལྔ་པའི་ཚེས་སུམ་ཅུའི་ཉིན་དྲ་ངོས་བསྐྱར་སྒྲིག་བྱས།
ངོ་སྤྲོད་མདོར་བསྡུས།
སེར་བྱེས་མཁན་ཟུར་དགེ་འདུན་ཆོས་འཕེལ་མཆོག་ནི། ཕྱི་ལོ་༡༩༤༡ ལོར་བོད་དཀར་མཛེས་སུ་སྐུ་འཁྲུངས། ཕྱི་ལོ་༡༩༤༨ལོར་དཀར་མཛེས་དགོན་དུ་སྒྲིག་ཞུགས་གནང་། ༡༩༥༥ལོར་སེར་བྱེས་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ལ་སློབ་གཉེར་གནང་། གཞུང་རྙིང་འཛིན་གྲྭའི་སྐབས་སྦྱོར་ལམ་སྔ་རྒོལ་གྱི་རིགས་ཆུང་ཚོགས་ལངས་གནང། ༡༩༥༩ལོར་བྱེས་སུ་ཕེབས་ཏེ་སྦག་སར་གཞུང་ཆེན་སློབ་གཉེར་གྱི་འཕྲོ་བསྐྱངས། ༡༩༦༠ལོར་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལས་བསྙེན་པར་རྫོགས། ༡༩༩༠ ལོར་དགེ་བཤེས་ཀྱི་དམ་འཇོག་མཛད། ༢༠༡༦ལོར་སེར་བྱེས་གྲྭ་ཚང་གི་མཁན་ཁྲིར་ཕེབས་ན་ཡང་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན།
1. ཁྲིད་གཞུང་། སྐུ་གསུམ་ལམ་འཁྱེར་རབ་གསལ་སྒྲོན་མེ། |