- མདུན་ངོས།
- ཕར་ཕྱིན།
- རྟེན་འབྲེལ།
- རིག་མཛོད་རྩོམ་སྒྲིག་པ།
རིག་མཛོད་རྩོམ་སྒྲིག་པ།
དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས།
དྲ་ཚིགས།: www.serajeyrigzodchenmo.org ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com
ཁྲིད་གཞུང་། བློ་སྦྱོང་ཚིགས་བརྒྱད་མ།[ག] བོད་དབྱིན།
སྒྲ་ཨང་། H-ADLO203051
སྟོན་པ་འཇིག་རྟེན་དབང་ཕྱུག [ལམ་རིམ་བློ་སྦྱོང་།] སྤྱིའི་ཨང་། ༡༡༢
རྣམ་པ། MP3 རྣམ་གྲངས། 4 ཆེ་ཆུང་། 100.6 MB
ཁྲིད་གཞུང་། བློ་སྦྱོང་ཚིགས་བརྒྱད་མ།
མཛད་པ་པོ། གླང་ཐང་པ་རྡོ་རྗེ་སེང་གེ །[༡༠༥༤-༡༡༢༣]
འཁྲིད་མཁན། སྟོན་པ་འཇིག་རྟེན་དབང་ཕྱུག
སྐད་རིགས། བོད། དབྱིན། Tb/En
སྒྲ་སྒྲིག་བཟོ་བ། ཐུབ་བསྟན་ཚེ་རིང་།
འགྲེམས་སྤེལ་སྒྲིག་སྦྱོར། སེར་བྱེས་རིག་མཛོད་ཆེན་མོ།
༢༠༡༥ ལོའི་ཟླ་ ༠༥།༣༠ ལ་གསར་སྒྲིག་བྱས།
༢༠༡༩ ལོའི་ཟླ་དགུ་པའི་ཚེས་ཉེར་ལྔ་ལ་བསྐྱར་སྒྲིག་བྱས།
གདམས་པ་རིན་ཆེན་དང་པོ། དཔེར་ན། རང་ལ་ཤིན་ཏུ་ཉེ་ཞིང༌། རང་གི་ཞན་ཆ་ཚང་མ་ཤེས་པའི་མི་ཞིག་གིས་རང་ལ་སྤྱོད་པ་ངན་པ་སྟོན་སྐབས། རང་ཉིད་ཀྱི་འགོག་སྲུང་གི་ནུས་པ་ཡོད་ཚད་ཁོང་ཁྲོས་ཟིལ་གྱིས་མནན་ཏེ། མི་དགེ་བའི་ཡ་ལན་ལ་ཁ་ལོ་བསྒྱུར་མི་ཐུབ་པའི་དུས་སུ་ང་ཚོས་ཅི་ཞིག་བྱེད་དགོས་སམ། གནས་སྟངས་འདི་འདྲའི་ནང་དུ་གཞན་ལ་བཟུང་བའི་སྙིང་རྗེར་རྒྱུན་འཁྱོངས་བྱེད་པ་དཀའ་ཚེགས་ཆེ་ནའང༌། མ་མཐའ་ཡང་ང་ཚོས་རྒོལ་འཛིང་དང་དྲག་སྤྱོད་ཀྱི་སྒོ་ནས་ཡ་ལན་སྟོན་མི་དགོས་ལ། ཁང་པའི་ཕྱི་རུ་བུད་ནས་འཆམ་འཆམ་དུ་འགྲོ་བ་དང༌། ཡང་ན། རང་གི་དབུགས་ཀྱི་རྒྱུ་བ་ཐེངས་ཉི་ཤུ་ལ་རྩི་བ་སོགས་བྱས་ཏེ། རང་བློ་མར་ཞི་ཐབས་ཤིག་ང་ཚོས་འཚོལ་དགོས། ང་ཚོས་རྒྱུ་མཚན་འདི་ལྟ་བུ་གཞིར་བཞག་ནས་རང་གི་ཉིན་རེའི་འཚོ་བའི་ནང་བཟོད་པ་གཙོ་གནད་དུ་བཟུང་ནས་ཉམས་ལེན་བྱེད་དགོས་ཤིང༌། ང་ཚོས་བཟོད་པ་ལ་གོམས་འདྲིས་ཟབ་མོ་བྱས་ན། ང་ཚོ་དཀའ་ཁག་གི་གནས་སྟངས་ནང་ལྷུང་སྐབས། འབད་པ་ལྷག་མ་ཞིག་བྱེད་དགོས་སྲིད་ཀྱང༌། ང་ཚོས་དཀའ་ཁག་གི་གནས་སྟངས་དེའི་ཕྱོགས་ཡོངས་ལ་ལྟ་ཐུབ་ཀྱི་ཡོད། དེ་ལས་ལྡོག་སྟེ། དཀའ་སྡུག་ཅིག་རང་མགོར་འབབ་རག་བར་དུ་བཟོད་པའི་ཉམས་ལེན་སྣང་མེད་དུ་བསྐྱུར་ན། དཀའ་སྡུག་དེའི་རྒྱུ་རྐྱེན་ལ་ཞི་བའི་ལམ་ནས་གདོང་ལེན་བྱེད་པར་ལམ་ལྷོང་འབྱུང་མི་སྲིད། བཟོད་པའི་ཉམས་ལེན་ལ་ཐོག་མར་གོམས་འདྲིས་བྱེད་ཐབས་ལེགས་ཤོས་ནི། ང་ཚོས་དུས་ཚོད་བླངས་ནས་དེའི་ཕན་ཡོན་གྱི་སྐོར་ལ་གོ་རིམ་དང་ལྡན་པའི་སྒོ་ནས་བསམ་གཞིག་བྱེད་པ་འདི་ཡིན། |