རིག་མཛོད་རྩོམ་སྒྲིག་པ།

རིག་མཛོད་རྩོམ་སྒྲིག་པ།

དུས་རབས་ཉེར་གཅིག་པ་བརྡ་འཕྲིན་གྱི་དུས་རབས་འདིར་འོད་རླབས་ཀྱི་འགྲོས་དང་འགྲོགས་ཏེ། ཚན་རྩལ་གྱི་ཤེས་རིག་རབ་ཏུ་དར་བས། མི་རྣམས་ཀྱིས་རང་རིགས་ཀྱི་རིག་གཞུང་དང་ཤེས་རིག་དག་ཀྱང་བརྡ་འཕྲིན་གྱི་ལམ་དུ་སྐྱེལ་ཏེ་སྲུང་སྐྱོབ་དང་། འཕེལ་རྒྱས། དར་སྤེལ་ལ་རེམ་བཞིན་པའི་སྐབས་འདིར། རང་རེའི་གངས་ཅན་པའི་ཆོས་དང་རིག་གཞུང་དག །ཟླུམ་གཟུགས་ཀྱི་གོ་ལ་འདིར་ཡུན་རིང་གནས་པ་དང་། འཕྲིན་ལས་ཀྱི་འཇུག་པ་རླབས་རྡུལ་གྱི་འགྲོས་དང་མཉམ་པ་ཡོང་སླད། འདི་ག་སེར་བྱེས་གྲྭ་ཚང་ནས་ཀྱང་འཕྲུལ་དེབ་དང་། སློབ་ཁྲིད་སྐོར་གྱི་སྒྲ་མཛོད། བརྙན་མཛོད་བཅས་ལས་གྲུབ་པའི་རིག་མཛོད་ཀྱི་དྲ་ཚིགས་འདི་སྒོ་འབྱེད་བྱས་པ་ལགས་ན། གངས་ཅན་པའི་ཆོས་དང་རིག་གཞུང་ལ་མོས་པའི་རིས་མེད་སྐྱེ་བོ་རྣམས་ཀྱིས་ཐུགས་འདོད་ལྟར་ལོངས་སྤྱོད་རྒྱུ་དང་། བསམ་ཚུལ་སོགས་གང་ཡོད་འཛེམ་མེད་དུ་གནང་བ་དང་། གསུང་རབ་ཀྱི་གླེགས་བམ་དག་གཙོ་བྱས་པའི་འཕྲུལ་དེབ་གང་མང་རིན་མེད་དུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་པ་དག་སྟབས་བདེའི་རང་བཞིན་ཅན་གྱི་གློག་ཀླད་དང་ལག་ཐོག་ཁ་པར་ཆེ་ཆུང་(Laptop, iPad, iPod iPhone & Android) གང་ཡིན་ཐོག་ཏུ་རང་རང་གི་ཐུགས་འདོད་ལྟར་ཕབ་ལེན་དང་གསན་གཟིགས་གནང་རོགས། 

དྲ་ཚིགས།: www.serajeyrigzodchenmo.org  ཡིག་འབྲེལ་དྲ་བྱང་། serajeyrigzodchenmo@gmail.com

2021 ལོའི་ཟླ་བ། Jan ཚེས། 07 རེས་གཟའ། Thu

རྣམ་འགྲེལ་ལེའུ་བཞི་པའི་དོན་གནད་ཟུར་བཀོད།

sjrb-0273རྩོམ་པ་པོ། དགེ་བཤེས་བསོད་ནམས་ཆོས་གྲགས།
བརྗོད་བྱ།
རྣམ་འགྲེལ་ལེའུ་བཞི་པའི་དོགས་གནད་འགའ།
ཡོང་ཁུངས།
རྩོམ་སྒྲིག་པ་བྱམས་པ་ཆོས་དབང་།
རིག་མཛོད་འཕྲུལ་དེབ་ཨང་།
SJRB-0273
ཡིག་ཆའི་རྣམ་པ།
PDF
ལྗིད་ཚད།
2.22MB
བསྐྱར་སྒྲིག་པ།
རིག་མཛོད་ཆེན་མོའི་རྩོམ་སྒྲིག་པ།
༢༠༡༦ ཟླ་གསུམ་པར་གསར་དུ་རྩོམ་སྒྲིག་བྱས།
༢༠༢༡ ཟླ་ ༡ ཚེས་ ༧ ལ་བསྐྱར་དུ་རྩོམ་སྒྲིག་བྱས།

ངོ་སྤྲོད་མདོར་བསྡུས།

སེར་བྱེས་དགེ་བཤེས་བསོད་ནམས་ཆོས་གྲགས་ནི། ༡༩༦༤ ལོར་བོད་དུ་འཁྲུངས། ཆུང་དུས་ས་གནས་ཀྱི་སློབ་ཆུང་དུ་ཞུགས། དེ་རྗེས་ལབ་དགོན་དུ་ཆོས་ཞུགས་བྱས་ཏེ་རབ་ཏུ་བྱུང་སྟེ། ཆོས་སྤྱོད་བློ་འཛིན་དང་། བསྡུས་གྲྭ་སོགས་ལ་སློབ་གཉེར་བྱས། ༡༩༨༢ ལོར་སེར་ཤུལ་དགོན་དུ་ལོ་བརྒྱད་ཙམ་ལ་སློབ་གཉེར་དང་། ༡༩༩༢ ལོར་འཕགས་ཡུལ་དུ་འབྱོར་ཏེ་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་སློབ་གཉེར་བྱས་ཏེ། ༢༠༡༢ ལོར་གྲྭ་སྐོར་གྱིས་ལྷ་རམས་པའི་དམ་བཅའ་བཞག །༢༠༡༣ ལོར་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཐོགས་འགྲིམས་ཤིང་། སྔ་ཕྱིར་བོད་དང་སེ་རར་དོན་གཉེར་ཅན་དག་ལ་དཔེ་ཁྲིད་དང་། བརྩམས་ཆོས་ཀྱང་གང་མང་ཞིག་ཡོད།
རྣམ་འགྲེལ་གྱི་དོགས་གནད་ཟུར་བཀོད་ཀྱི་བརྩམས་ཆོས་འདི་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་མཁན་རྣམས་ལ་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོོད་པར་བརྟེན། ད་ལན་འདི་ག་རྩོམ་སྒྲིག་ཁང་གིས་དགེ་ལུགས་རྒྱུགས་སྤྲོད་དུ་ཕེབས་མཁན་རྣམས་ལ་ཕན་པར་དམིགས་ཏེ་འཕྲུལ་དེབ་ཏུ་རྩོམ་སྒྲིག་བྱས་པ་ཡིན།

ཕབ་ལེན། PDF ཕབ་ལེན།

ངོ་ཤོག 615 ནས་ 899